【“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ 】 ཞིང་ཡོངས་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆེད་དོན་ལས་དགེ་རྒན་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་ནས། ཟླ9ཚེས10ཉིན་ཞིང་ཆེན་ཡོངས་ཀྱིས“འཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་གྱི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་གཉེར་བ་རེད། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་ས་གནས་དེ་ག་དང་ཚན་པ་དེ་གའི་བརྗོད་བྱ་གཙོ་བོའི་སློབ་གསོའི་དགེ་རྒན་ཁྱོན175གསོ་སྦྱོང་ནང་ཞུགས་ཡོད་པ་རེད། 

ཐེངས་འདིའི་ཆེད་དོན་གསོ་སྦྱོང་ནང་།《ཞིང་ཆེན་ཡོངས་སུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར》དང་། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུར་དམ་པོར་དམིགས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་སློབ་སྦྱོང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་བྱ་དགོས་ལ། སློབ་སྦྱོང་བྱེད་སྟངས་དང་བྱེད་ཐབས་སོགས་སློབ་ཚན་བཀོད་སྒྲིག་བྱས་ཏེ། དགེ་རྒན་དཔུང་ཁག་གི་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏང་བ་དང་བྱེད་སྟངས་དང་བྱེད་ཐབས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱ་རྒྱུ་དམིགས་ཚད་དུ་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་བསྟན། 

ཐེངས་འདིའི་གསོ་སྦྱོང་ལ་ཞིང་ཆེན་ཏང་ཨུའི་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞིང་ཆེན་ཏང་ཨུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《བརྡ་ཐོ》པར་འགྲེམས་བྱས་ནས་ཁྱོན་ཡོངས་ལ་ཁྱབ་རྒྱུར་དམ་འཛིན་ཡག་པོ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད། གསོ་སྦྱོང་མཛད་སྒོའི་ཐོག་བསྟན་དོན། ཏང་ཀྲི་པུའི་ཧྲུའུ་ཅུའི་བརྗོད་དོན་གཙོ་བོའི་སློབ་གསོར་ངོས་འཛིན་གནད་ལ་འཁེལ་མིན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་མིན། ལས་ཀར་སྐུལ་འདེད་གཏང་བའི་བྱེད་ཐབས་འོས་འཚམ་མིན་པ་བཅས་ཚང་མ་འགོ་འཛུགས་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆེད་དོན་དགེ་རྒན་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 

ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་པ་དང་། ཆེད་དོན་ཟུར་ཁྲིད། མཉམ་འགུལ་སློབ་ཁྲིད། བགྲོ་གླེང་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།