མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་གཉིས་ནས་ཞིང་ཆེན་ཡོངས་ཀྱི་དགེ་རྒན་རྣམས་ལ་འཚམས་འདྲི་ཡི་གེ་ཕུལ་བ།

ཞིང་ཆེན་ཡོངས་ཀྱི་དགེ་རྒན་རྣམས་ལ་འཚམས་འདྲིའི་ཚུལ་དུ་ཕུལ་བ།

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ།

དགེ་རྒན་དུས་ཆེན་ཐེངས་སོ་ལྔ་པ་བསུ་མ་ཞུ་བའི་དུས་འདིར། ངེད་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དགེ་རྒན་ཁྲི7ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་། བླ་ན་མེད་པའི་གོང་བཀུར་ཞུ་བ་དང་འབྲེལ་དུས་ཆེན་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།

དུས་ཡུན་རིང་པོ་ཞིག་ལ། རང་རེའི་ཞིང་ཆེན་གྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་སློབ་གསོའི་ལས་དོན་ལ་དུས་དང་རྣམ་པ་ཀུན་དུ་བློ་དཀར་ཞིང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། དཀའ་སྤྱད་འབད་འབུངས་དང་རང་འགན་འཁུར་དུ་འཁྱེར་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་སྐྱེད་སྲིང་ལ་སེམས་ཤུགས་ཅི་ཡོད་བཏོན་ནས་ལེགས་སྐྱེས་མི་དམན་པ་བཞག་ཡོད། དེ་ནི་མི་དམངས་ཀྱི་དགེ་རྒན་ཞིག་ལ་ཡོད་པའི་རྨད་བྱུང་གཤིས་བཟང་རེད་ལ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ཕུལ་བའི་ལེགས་སྐྱེས་མཆོག་ཏུ་གྱུར་བ་ཡང་རེད། ཚང་མར་འོ་བརྒྱལ་གཏད་སོང་། དུས་རབས་གསར་པར་འབད་འབུངས་དང་། ཕུགས་འདུན་གྱི་ལམ་ཁ་གསར་པར་སྙེག་པའི་དུས་འདིར། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་ལ་མི་བུ་སྐྱེད་སྲིང་དང་རྒྱལ་ཁབ་ལ་འཇོན་མི་སྐྱེད་སྲིང་བྱ་བའི་གཟི་བརྗིད་འགན་འཁྲི་གལ་ཆེན་ཕྲག་ཏུ་བཞེས་ཡོད་ལ། ཤེས་ཡོན་དང་བསམ་བློ། བདེན་དོན་ལ་འཇོན་པའི་སྣོད་ལྡན་སློབ་བུ་སྐྱོང་བའི་དུས་རབས་ཀྱི་འགན་འཁྲི་ཐེག་ཡོད། རེ་བ་ནི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ། “འདུ་ཤེས་བཞི”སྲ་བརྟན་དང་། “རང་རྟོན་བཞི”ཇེ་བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་དགོས་པ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དང་ཞིང་ཆེན་གྱི་སློབ་གསོའི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་དང་དཔེ་ཁྲིད་ལ་བརྟེན་ནས་མི་བུ་སྐྱེད་སྲིང་བྱ་བའི་འགན་འཁྲི་དང་གཟི་བརྗིད་བསམ་པའི་རང་རྟོགས་ཇེ་ཆེར་བཏང་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་སློབ་གསོའི་བྱ་གཞག་ལ་བློ་གཅིག་སེམས་གཅིག་གིས་འབད་འབུངས་དང་། དད་འདུན་གྱིས་ཕྱུག་ཅིང་ཀུན་སྤྱོད་ཀྱིས་བརྒྱན་པ། ཤེས་ཡོན་དང་བྱམས་སེམས་ཀྱིས་གཏམས་པའི་དགེ་རྒན་བཟང་བོ་ཞིག་བྱས་ཏེ། བསམ་བློ་ཀུན་སྤྱོད་ལ་སོགས་ཕྱོགས་གང་ཅིའི་ཐད་ལ་བྱང་ཆ་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་མཁན་སྐྱེད་སྲིང་བྱ་བར་ལེགས་རྗེས་ཆེན་པོ་འཇོག་དགོས་པ་དང་། གྲུབ་འབྲས་ཁྱད་དུ་འཕགས་པ་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བར་བསུ་མ་ཞུའོ། །

མཐར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་ལུས་ལ་ན་ཚ་མེད་པ་དང་། བྱ་བ་ལམ་འགྲོ་ཡོང་བ། ནང་མི་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།

ཞེས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་དང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་གཙོ་ལིང་ཉིང་གཉིས་ནས།

2019ལོའི་ཟླ9ཚེས10ཉིན་ལ།