མཚོ་སྔོན་ཞིང་ཆེན་གྱིས་དཔེ་ཁྲིད་མི་སྐྱོང་དང་ཕུལ་བྱུང་སློབ་སྐྱོར་དགེ་རྒན་ལ་གཟེངས་བསྟོད་ཕུལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། དགེ་རྒན་དུས་ཆེན་ཐེངས35པ་སླེབས་ཉེར་ཡོད་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་ཕུལ་བྱུང་སློབ་སྐྱོར་དགེ་རྒན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་དང་སློབ་སྤྱི་གྲགས་ཅན་ལ་སྒོ་བྱང་སྤྲད་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་གཏམ་བཤད་པ་རེད།

གཟེངས་བསྟོད་ཐོབ་པའི་དགེ་རྒན་གྱི་འཐུས་མིས་གཏམ་བཤད་གནང་རྗེས། ཀྲང་ཤིས་མིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་བྱེད་མི་སྣ་དང་རྒན་ཡོལ་ཞུས་པའི་དགེ་རྒན་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ། གཟེངས་བསྟོད་ཐོབ་པའི་དགེ་རྒན་ལ་ སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོང་གིས་རྒྱ་ཆེའི་དགེ་རྒན་ཚོས་ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་མི་གསོ་སྐྱོང་གི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་གསོ་སྐྱོང་གི་ཁ་ཕྱོགས་སྔར་བས་སྟངས་འཛིན་དང་། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དར་སྤེལ། ལས་སྒོ་སྦྱོང་བརྡར། མི་གསོ་སྐྱོང་གི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། སློབ་མའི་སྤྱོད་ཤེས་ལུས་གསུམ་དང་། ཤེས་རིག ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་དགོས་ཟེར།

རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་སྒོས་དགེ་རྒན་ལ་སེམས་ཁུར་དང་དཔེ་མཚོན་དྲིལ་སྒྲོག་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་སྐྱོར་བྱ་བ་གཏིང་ཟབ་སྤེལ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་སྔར་བས་ཆགས་པར་བྱེད་པ། ཐེངས་འདིའི་སྒོ་བྱང་སྤྲད་པའི་ཞིང་ཆེན་རིམ་པའི་དགེ་རྒན་དང་སློབ་གཙོ་གྲགས་ཅན་ལས་སྒྲུབ་ཁང་གིས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། སྔར་བའི་ཆེ་བའི་ཁྱབ་ཁོངས་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བསྟན།

ལིའུ་ཐའོ་ཡིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གིས་སློབ་གསོའི་བྱ་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཡོན་ཚད་མཐོ་བ་དང་། ཆེད་ལས་ཅན། གསར་གཏོད་ཅན་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པ་དང་། དགེ་རྒན་གྱི་ཐོབ་ཐང་ཁེ་དབང་འགན་ལེན་ཏན་ཏིག་བྱས་ནས། རྒྱལ་ཁབ་ཀྱི་དགེ་རྒན་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས་པ། ལས་དོན་ཁག་གི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞན་ཆ་གསབ་ནས་སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་གསོ་ཡག་པོ་གཉེར་དགོས་པའི་བླང་བྱ་བཏོན།

ལོ་ཙཱ་བ། གཡང་སྐྱིད།