ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་སྐོར་སྐྱོད་མཛུབ་སྟོན་བྱ་བའི་ཁག་དང་པོའི་སྤྱི་བསྡོམས་དང་ཁག་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་སྐོར་སྐྱོད་མཛུབ་ཁྲིད་བྱ་བ་ཁག་དང་པོ་ཕྱོགས་སྡོམ་དང་ཁག་གཉིས་པ་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཁག་དང་པོའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་བྱ་བའི་ཕན་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། ཁག་གཉིས་པའི་སྐོར་སྐྱོད་མཛུབ་ཁྲིད་བྱ་བར་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་བརྗོད་དོན་སློབ་གསོ་ཁག་གཉིས་པའི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་། བྱ་སྤྱོད་ཀྱི་རང་རྟོགས། སྒྲིག་ཁྲིམས་རང་རྟོགས་བཅས་ཟབ་དང་། འབྲེལ་ཟམ་དང་སྦྲེལ་ཐག བློ་འདོན་ཇུས་འབུལ། ལག་རོགས་ནུས་ལྡན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། སྤུས་ཚད་ཀྱི་འགག་སྒོ་ནན་པོ་དང་ཏན་ཏིག་ངང་སྲུང་བ། འགན་འཁྲི་གཙང་སྒྲུབ་ཀྱི་“ལྟ་སྐུལ་མཛུབ་ཁྲིད་པ་”ཡག་པོ་བྱ་དགོས།

ཁག་དང་པོའི་སྐོར་སྐྱོད་མཛུབ་ཁྲིད་བྱ་བའི་ཉམས་མྱོང་ཡག་པོ་དང་བྱ་ཐབས་ཡག་པོ་བེད་སྤྱོད་གང་ལེགས་བྱས་ཏེ། ཁག་གཉིས་པའི་བརྗོད་དོན་སློབ་གསོའི་དོན་དངོས་དང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་གཙོ་གནད་མངོན་གསལ་དོད་པོ་དང་། རིམ་པ་དང་པོར་དམིགས་ནས་སྤྱི་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ། གཞི་རིམ་དང་འབྲེལ་བ་བྱེད་པའི“མཛུབ་ཁྲིད་པ”ཡག་པོ་ཞིག་བྱ་དགོས།

གཙོ་གནད་དམ་འཛིན་སྒོས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། གཙོ་གནད་བྱེད་ཐབས་བཞི་ལ་དམ་པོར་དམིགས་ཏེ་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏང་བ། འགོ་ཁྲིད་ཚན་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་མཛུབ་ཁྲིད་བྱེད་པ། གསར་རྙེད་དང་དཔེ་མཚོན་ཁྱབ་སྤེལ་གཏང་བར་དོ་སྣང་། འགག་སྒོ་ནན་པོ་སྲུང་བའི“སྤུས་བཤེར་པ”ཡག་པོ་ཞིག་བྱ་དགོས།

བྱ་ཐབས་དང་བྱེད་ཐབས་ལ་དོན་སྣང་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། ཏང་ཨུས་འགན་འཁྲི་གཙོ་བོ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ནས“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ནས“མང་ཤོས”ལ་ཁྲིད་སྟོན་བྱ་དགོས། གོང་འོག་མཉམ་འགུལ། གཅིག་གྱུར་འཆར་འགོད། མཐུན་སྦྱོར་མཐའ་འཁྱོངས་ཀྱིས་ཆེད་དོན་བཅོས་སྒྲིག་དང་དག་ཐེར་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་མཛུབ་ཁྲིད་ཚོགས་ཆུང་གི་སྟོབས་ཤུགས་བསྡུ་སྒྲིལ་དང་བྱ་བའི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས། རིམ་པ་བཞིན་མཛུབ་ཁྲིད་ཡང་ཡང་བྱས་ཏེ། སླ་བཅོས་སྤུ་ཙམ་མི་བྱེད་པའི“ལྟ་ཞིབ་པ”ཡག་པོ་ཞིག་བྱ་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།