རང་རེའི་ཞིང་ཆེན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་བའི་ལོ་རིང་ལ། རང་ཞིང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དགེ་རྒན་སྤྱི་ཁོག་གི་ཡོན་ཚད་དང་སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་ལ་འབད་འབུངས་བྱས། ནང་སྒོས་སུ2018ལོ་ལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས《དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ཏེ། ཞིང་གྲོང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་དང་ཡོན་ཚད་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། དགེ་རྒན་གྱི་སྒྲིག་ཁོངས་ལ་འགན་སྲུང་། གླ་ཕོགས་དང་གོ་མིང་དཔྱད་སྡུར། གཟི་བརྗིད་གཟེངས་རྟགས། ལས་རིགས་གོང་སྤེལ་སོགས་ཕྱོགས་ལ་བྱེད་ཐབས་མང་པོ་བཏོན་ནས་བྱང་ཚད་ལྡན་པའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་གསར་འཛུགས་ལ་ཤུགས་བསྣན་པ་རེད།

སློབ་ཆེན་དུ་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་དགེ་རྒན་ལས་ཏང་ཀྲི་པུའུ་ཧྲུའུ་ཅིས་ཏང་འཛུགས་ཀྱི་སྣེ་འཁྲིད་པ་དང་། རིག་གཞུང་གི་སྣེ་འཁྲིད་པ་བཅས“སྣེ་འཁྲིད་པ་གཉིས”གསོ་སྐྱོང་གི་ལས་གཞི་ཐོག་མར་ལག་བསྟར་བྱས་ཏེ། སློབ་ཆེན་དགེ་རྒན་གྱི་ཏང་ཀྲི་པུའུ་དང་། སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་དགེ་རྒན300ལྷག་ལ་ཟབ་སྦྱོང་བྱས། དེ་བཞིན་དུ་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་དང་འགལ་བའི་ལྡོག་ཕྱོགས་ཀྱི་གསལ་ཐོ་དང་འོས་མཐུན་གྱི་ཐག་གཅོད་བྱ་ཐབས་བཟོས་པ་མ་ཟད། སློབ་ཆེན་ལ་དེ་མཐུན་གྱི་འབྲེལ་ཡོད་གསལ་ཐོ་དང་ཐག་གཅོད་བྱ་ཐབས་ལ་སོགས་ཀྱི་ལམ་ལུགས་བཟོ་བའི་ཐད་སློབ་སྟོན་བྱས་ནས་རྒྱ་ཆེའི་དགེ་རྒན་གྱིས་ཀུན་སྤྱོད་ལ་བརྟེན་ནས་བློ་སྦྱོང་དང་། ཀུན་སྤྱོད་ལ་བརྟེན་ནས་འཇོན་མི་སྐྱེད་སྲིང་གི་ལས་སྐུལ་འཁྲིད་བྱས་པས། མཚོ་སྔོན་ས་ཆའི་དགེ་རྒན་གྱི་བསམ་སྤྱོད་ཉིས་ལྡན་དང་འགན་འཁྲི་འཁུར་ལེན་གྱི་དུས་རབས་གསར་པའི་སྙིང་སྟོབས་མངོན་མཚོན་བྱས།

སྔོན་འགྲོའི་སློབ་གསོའི་དགེ་རྒན་དཔུང་སྡེའི་གྲངས་འབོར་གྱིས་མི་འདང་བ་དང་། སྒྲིག་ཁོངས་ཀྱི་འགན་སྲུང་ཐག་གཅོད་བྱེད་མི་ཐུབ་པའི་གནད་དོན་ལ་དམིགས་ནས་སྲིད་གཞུང་ནས་སྔོན་འགྲོ་སློབ་གསོའི་ཞབས་ཞུ་ཉོ་སྒྲུབ་བྱས། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་སློབ་གསོ་ཆེད་གཉེར་དགེ་རྒན2014ལོར5276ལས་མེད་མོད། 2018ལོར11502ལ་བསླེབས། སྔོན་འགྲོའི་སློབ་གསོའི་དགེ་སློབ་ཀྱི་བསྡུར་ཚད2014ལོའི1:28ཡོད་པ2018ལོའི1:17.75མར་ཆག་པས། ཚོད་ལྟ་ས་ཁུལ་གྱི་སྔོན་འགྲོ་སློབ་གསོའི་དགེ་རྒན་གྱི་སྒྲིག་ཁོངས་མི་འདང་བ་དང་། དགེ་རྒན་དཀོན་པ། གླ་ཕོགས་དམའ་བ། འགྲོ་འོང་ཆེ་བ་ལ་སོགས་དགེ་རྒན་དཔུང་སྡེ་གཏན་འཇགས་མིན་པའི་གནད་དོན་ཐག་བཅད། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་སློབ་གསོའི་ཆེད་གཉེར་དགེ་རྒན་ལས་འབྲིང་རིམ་ཆེད་ལས་ཡན་ཅན་གྱི་དགེ་རྒན2015ལོའི70.3%ལས་མེད་ཀྱང་། 2018ལོར་བསླེབས་དུས77.96%ཇེ་མང་དུ་སོང་ནས་སློབ་ཞུགས་ཀྱི་ཚད89.4%ལ་བསླེབས་ཤིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད81.7%ལས་མང་བས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་དམིགས་འབེན་ལོ་གཉིས་ཀྱི་སྔུན་ལ་མངོན་འགྱུར་ཐུབ་པ་བྱུང་ཡོད།

ཞིང་གྲོང་དགེ་རྒན་ལ་བར་ཁྱད་ཅན་གྱི་འཚོ་བའི་ཁ་གསབ་ལམ་ལུགས་ལག་བསྟར་བྱས་ཏེ། མཐའ་འཁོབ་ཀྱི་དཀའ་སྡུག་ཆེ་སདང་ས་བབ་་མཐོ་སར་ཆགས་པའི་སློབ་གྲྭ་དང་། སློབ་གསོ་སྤེལ་སའི་དགེ་བཟོ་བའི་ཕྱོགས་ལ་ཤུགས་བརྒྱབ་སྟེ། ལོ་ཧྲིལ་པོར་ཁ་གསབ་མ་དངུལ་ཧ་ལམ་སྒོར་དུང་ཕྱུར1བཏང་བ་དང་། ཁྱོན་བསྡོམས་ཞིང་གྲོང་དགེ་རྒན་ཁྲི2.1ལ་ཕན་ཁེ་ཐོབ་ཡོད། ཞིང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭའི་བར་ལོ་བརྒྱད་ཡན་གྱི་ཞབས་ཞུའི་གྲོས་ཆིངས་བཞག་ཡོད་པའི་མཐོ་རིམ་དཀྱུས་མའི་མཐར་ཕྱིན་སློབ་མ་རྣམས་ལ་སློབ་གཉེར་སྐབས་ཀྱི་སློབ་རིན་ཡོངས་རྫོགས་ཀྱི་ཁ་གསབ་དུས་གཅིག་ཏུ་བྱིན་པ་དང་། ནང་སྒོས་སུ་གྲོས་ཆིངས་རིགས་ལྔའི་ཡན་བཞག་པའི་ས་ཁུལ་གྱི་སློབ་མ་རྣམས་ལ་རིམ་པ་བཞིན་ཁ་གསབ་སྤྲད། 2013ལོ་ནས་བཟུང་། རིམ་ཁག་ནོར་སྲིད་ཀྱིས་སྔ་གཞུག་ཏུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན1300ལ་བྱ་དགའི་ཁ་གསབ་སྒོར་ཁྲི1600སྤྲད་ཡོད་པ་དང་། དམིགས་བསལ་ལས་རྐང་གི་དགེ་རྒན་རྣམས་ལས་ཞུགས་ཀྱི་ལོ་དེར་སྒྲིག་ཁོངས་ཐག་བཅད་དེ་ལས་བསྐྱུར་གྱི་གནད་དོན་གཞི་རྩའི་ཐོག་ཐག་བཅད། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གླ་ཕོགས་གཞུང་ཞབས་པའི་གླ་ཕོགས་དང་ཁྱད་མེད་བཟོས་ནས་གླ་ཕོགས་ཐད་ཀྱི་གནད་དོན་ཐག་བཅད།

སྡིངས་ཆ་བསྐྲུན་ནས་སློབ་ཆེན་དང་ལས་རིགས་སློབ་གྲྭའི་དགེ་རྒན་གྱིས་ལས་སྒོ་གསར་གཏོད་ལ་གོ་སྐབས་བསྐྲུན་ཞིང་། བྱ་དོན་ལ་བརྟེན་ནས་སློབ་ཆེན་དང་ལས་རིགས་སློབ་གྲྭར་འཇོན་མི་ནང་འགུག་དང་སྐྱེད་སྲིང་ཐོག་སློབ་གྲྭའི་ལས་རྐང་དུ་བཅུག རྒྱལ་ནང་དང་ཞིང་ཆེན་ནང་ཁུལ། སློབ་གྲྭ་ནང་ཁུལ་གྱི་བསླབ་ཚན་རྩེ་གྲ་གསོ་སྐྱོང་གི་ལམ་ལུགས་བཙུགས་ནས་རྒྱལ་ནང་གི་རྩེ་གྲར་སོན་པའི་བསླབ་ཚན་བཞི་དང་། ཞིང་ཆེན་ནང་ཁུལ་གྱི་རྩེ་གྲར་སོན་པའི་བསླབ་ཚན་ལྔའི་ལས་གཞི་བཙུགས། དངོས་གཞིའི་སློབ་ཆེན་གསུམ་གྱི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གཉེར་བྱེད་ས་འཛུགས་པར་རྒྱབ་སྐྱོར་བྱས། 2018ལོར་སློབ་གྲྭ26ལ་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་གནང་ཞིང་། དེའི་ནང་མཚོ་སྔོན་མི་རིགས་སློབ་ཆེན་ནི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཁ་སྣོན་བརྒྱབ་པའི་སློབ་གྲྭ་ཡིན། ལས་རིགས་སློབ་གསོའི་སྡེ་ཤོག་ཅན་གྱི་སློབ་གཉེར་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་སྡེ་ཤོག11བཙུགས་ཤིང་ལས་རིགས་སློབ་གྲྭ་ཡོངས་ལ་ཁྱབ། ཁེ་ལས་དང་ལས་རིགས་ཀྱི་ཕུལ་བྱུང་འཇོན་མི་ལས་རིགས་སློབ་གྲྭའི་སློབ་ཁྲིད་དང་། རྩལ་ནུས་ལག་རྩལ་རིགས་ཀྱི་འཇོན་མི་སྐྱེད་སྲིང་གི་ལས་ལ་ཞུགས་པའི་རྣམ་པ་བཟང་པོ་ཐོག་མར་ཆགས། 2018ལོར་ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་ཆེན་གྱིས་འཇོན་མི་ཕུལ་བྱུང་2དང་། འཇོན་མི་རྩེ་གྲ་18ཐད་ཀར་ནང་འདྲེན་དང་། འཇོན་མི་ཕུལ་བྱུང5དང་། སྣེ་འཁྲིད་འཇོན་མི13། འཇོན་མི་རྩེ་གྲ5བཅས་ཐབས་ཀྱིས་ནང་འདྲེན། གསར་གཏོད་ལས་གཏོད་ཀྱི་དཔུང་སྡེ་གཅིག་ནང་འདྲེན་བཅས་བྱས་ཏེ། སློབ་ཆེན་དང་ལས་རིགས་སློབ་གྲྭའི་གསར་གཏོད་རང་བཞིན་གྱི་འཇོན་མི་དཔུང་སྡེ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བྱས།

རྒྱལ་ཁབ་ཀྱི“རྐང་འཛིན་དགེ་རྒན་ས་ཡ་ཡས་མས་དང་། ཕུལ་བྱུང་དགེ་རྒན་འབུམ་ཕྲག་ཡས་མས། སློབ་གསོ་པའི་རིགས་ཀྱི་དགེ་རྒན་ཁྲི་ཕྲག་ཡས་མས་སྐྱེད་སྲིང”གི་བླང་བྱ་ལྟར། རང་རེའི་ཞིང་ཆེན་གྱིས 《མཚོ་སྔོན་ཞིང་ཆེན་གྱི་ལོ་གསུམ་གྱི་དགེ་རྒན་ཟབ་སྦྱོང་འཆར་འགོད(2019- 2021ལོ)》བཏོན་ནས་ཟབ་སྦྱོང་གི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན་མཐོར་འདེགས་ལ་ཤུགས་བསྣན། 2019ལོ་ནས་བཟུང་སྟེ། ཁུ་ནུ་སྣེ་འཁྲིད་འཆར་འགོད་དང་། རྐང་འཛིན་སྐྱེད་སྲིང་འཆར་འགོད། ནུས་པ་ཇེ་མཐོར་གཏང་བའི་འཆར་འགོད་བཅས་རེ་རེ་ནས་གཉེར་འགོ་བརྩམས་ཤིང་། དགེ་རྒན“བརྒྱ་སྟོང་ཁྲི”ཟབ་སྦྱོང་གི་ལས་གཞི་ལག་བསྟར་དང་། ཟབ་སྦྱོང་བྱེད་སྐབས་རིམ་པ་དང་རིགས་དགར་ཏེ་ཟབ་སྦྱོང་གི་སྙན་གྲགས་ཇེ་ཆེ་དང་། དགེ་རྒན་དང་སློབ་གཙོའི་ཆེད་ལས་ཆུ་ཚད་ཇེ་མཐོར་བཅས་བཏང་ནས་ས་གནས་སོ་སོའི་དགེ་རྒན་དཔུང་སྡེའི་ཆུ་ཚད་མཐོར་འདེགས་ལ་ཤུགས་ཆེན་པོ་བརྒྱབ་པ་རེད།

ཁོན་ཐར་འཚོས་བསྒྱུར།