ལིག་ཉིང་གིས་མཚོ་ནུབ་ཁུལ་ལ་རྟོག་ཞིབ་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ9པའི་ཚེས7ཉིན་ནས་ཚེས8ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིག་ཉིང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་དང་མང་ཡ་གྲོང་ཁྱེར་དུ་རྟོག་ཞིབ་ལ་སྐྱོད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་དུས་རབས་གསར་པ་སྟངས་འཛིན་དང་གོ་སྐབས་གསར་པ་དམ་འཛིན་གྱིས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏང་དགོས་ཞེས་ནན་བཤད་གནང་བ་རེད།

ལིག་ཉིང་སྔ་རྗེས་སུ་དུར་ལམ་རྫོང་ཆུ་ཚན་བང་སོ་དང་། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་སའི་ཡན་ལག་ཀུང་སི། མང་ཡ་སྤྱི་བདེ་ཞིབ་བཤེར་ས་ཚིགས། ཅིང་ཤིན་ཧྭ་ལུང་ཅ་ལུད་ཚད་ཡོད་ཀུང་སིར་ཕེབས་ནས་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་རིག་དངོས་སྲུང་སྐྱོང་དང་། ཁེ་ལས་གཉེར་སྐྱོང་། བདེ་འཇགས་བརྟན་ལྷིང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

དུར་ལམ་རྫོང་གི་ཆུ་ཚན་བང་སོའི་ཚོགས་སུ་ལིག་ཉིང་གིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། ད་ལྟའི་གནས་ཚུལ། སྲུང་སྐྱོབ་གསར་སྤེལ་འཆར་འགོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་། ལོ་རྒྱུས་དང་། རིག་གནས། མི་དམངས་བཅས་ལ་འགན་འཁུར་པ་མཐོང་ཆེན་བྱེད་པའི་སྒོ་ནས་ཆུ་ཚན་གྱི་བང་སོའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་བང་སོའི་དངོས་ཡོད་རང་བཞིན་དང་། སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རིག་དངོས་སྲུང་སྐྱོབ་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་འགོ་འཛུགས་ས་དང་ཚད་གཞི་མཐོན་པའོ་སྒོ་ནས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

ལིག་ཉིང་གིས་རྒྱ་ཆེའི་རྡོ་སྣུམ་བཟོ་པས་དེ་གར་བརྟན་སྲུང་བྱེད་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་། ཚང་མས་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྟན་སྲུང་དང་ལག་ལེན་བསྟར་བའི་ཐོག་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཞིག་ཡིན་པ་དང་། “འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྩེ་སེམས་མཚོན་པ་དང་དུས་རབས་གསར་པའི་རྡོ་སྣུམ་བཟོ་པའི་སྙིང་སྟོབས་གསར་པ་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད། རྒྱ་ཆེའི་རྡོ་སྣུམ་བཟོ་པས་ཤིས་མུའུ་རྡོ་སྣུམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་སྔར་ལས་ཆེ་བའི་སྣུམ་ཞིང་ཞིབ་འཚོལ་བྱས་ནས། མེས་རྒྱལ་དང་མི་དམངས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་ཕུལ་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་བསུ་བ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཅིང་ཤིན་ཧྭ་ལུང་ཅ་ལུད་ཚད་ཡོད་ཀུང་སིར་ལིའུ་ཉིང་གིས་ཁེ་ལས་ཀྱི་ལས་བཟོ་པར་གཟིགས་པ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་གནང་སྐབས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་བྱས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་སྟེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། མཉམ་ཁེ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲང་ཤིས་མེན་དང་ཝང་ལི་མིང་གོང་སྨྲས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།