ཡན་ཅིན་ཧའེ་ཡིས་ཐབས་མང་མཉམ་སྤྱོད་སྒོས་ཕག་ཤའི་མཁོ་སྤྲོད་འགན་ལེན་དམ་འཛིན་ཡག་པོ་བྱེད་དགོས་པ་བསྟན།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ9པའི་ཚེས6ཉིན་ཞིང་ཆེན་ཡོངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲེང་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གཏན་འཇགས་ཐོན་སྐྱེད་འགན་ལེན་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་སྒྲིག་འཛུགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་པ་བཅས་བྱས་ནས་ཟླ་མཆོད་དུས་ཆེན་དང་། རྒྱལ་སྟོན། ལོ་གསར། དཔྱིད་གསར་དུས་ཆེན་སོགས་ཕག་ཤ་གཞི་ཁྱོན་ཆེ་བ་དང་གཞི་ཁྱོན་ཆེ་བའི་མཁོ་སྤྲོད་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཟེར། གསོ་ཚགས་ཁྱིམ་ཚང་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ།ཐོན་སྐྱེད་སླར་གསོ་གང་མགྱོགས་བྱ་དགོས་པ་དང་། ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་ནས་གསོ་ཚགས་བདེ་འཇགས་འགན་ལེན་བྱེད་དགོས་ལ། དེ་དང་ཆབས་ཅིག“ཤ་ཚལ་སྒོང་གསུམ”གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་མཁོ་སྤྲོད་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཐོན་སྐྱེད་འགན་ལེན་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། 2017ལོ་ནས2018ལོའི་བར་ཞིང་ཆེན་ཡོངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་ལས་གྲྭ་འཛུགས་སྐྲུན་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། 2019ལོའི“ཤ་ཚལ་སྒོང་གསུམ”གྱི་གྲོང་ཁྱེར(ཁུལ)ཀྲང་གི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།