ཀྲུང་གོའི་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པ་མཚོ་ཤར་དུ་བསྐྱོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།ཉེ་སྔོན། ཀྲུང་གོའི་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་རྫོང་བརྒྱའི་སྤྱི་ཕན་སྐོར་འཁྲབ་ཐེངས་བརྒྱ《ངའི་ཕུགས་འདུན》ཞེས་པ་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མའི་བྱ་འགུལ་ལྟེ་གནས་ནས་འཁྲབ་སྟོན་བྱས་པ་རེད།

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་ཆེད་དོན་བྱེད་སྒོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རིང་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40རིང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་དྲིལ་སྒྲོག་བྱེད་པ། དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སྒྱུ་རྩལ་གྱི་འཇོན་ཐང་མངོན་པར་བྱེད་པ། དབང་པོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་དང་མཉམ་དུ་གཞི་རིམ་གྱི་དབང་པོ་སྐྱོན་ཅན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་དང་གཏང་བ་བཅས་བྱ་རྒྱུ་དེ་རེད།

ཐེངས་འདིར་ཀྲུང་གོའི་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་སྐོར་སྐྱོད་འཁྲབ་སྟོན་ཐེངས་བཞི་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་འཁྲབ་སྟོན་བྱ་ཡུལ་ཐོག་མ་དེ་ཡིན་པ་དང་། ཀྲུང་གོའི་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ལག་བརྡའི་སྙན་ངག《ངའི་ཕུགས་འདུན》དང་། ཞབས་བྲོ《ལྷ་བྱ་དཀར་པོ》《ཕྱག་སྟོང་སྤྱན་རས་གཟིགས་》སོགས་རིགས16གི་ལེ་ཚན་ཁྱེར་ནས་མཚོ་ཤར་གྱི་གྲོང་མིར་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།