མཚོ་ཤར་དུ་གྲོང་གསེབ་དུད་ཚང་ཁྲི2.7གྱི་གསང་སྤྱོད་བསྐྲུན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་ཆར། མཚོ་ཤར་གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འབྲེལ་ཡོད་ཚན་པ་ལས་གྲུབ་པའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་སྐབས་བསྟུན་འཐེན་བཤེར་གྱི་བྱེད་ཐབས་བརྒྱུད་གྲོ་ཚང་ཆུས་དང་། དམངས་དང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། ཧོ་ཐུའུ་ཀུའུ། ཧྭ་ལུང་ཧུའེ་བཅས་རྫོང་དང་ཆུས་5ཡི་གྲོང་གསེབ་ཀྱི་གསང་སྤྱོད་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་སུ་27387ལས་འགོ་བཙུགས་པ་དང་ལས་འགོ་འཛུགས་ཚད་83%ཟིན་ནས་18849ཟིན་པ་དང་ལས་མཇུག་འགྲིལ་ཚད་57%ཟིན་ཡོད་པ་རེད།

《མཚོ་ཤར་གྲོང་ཁྱེར་གྱི2019ལོའི“གསང་སྤྱོད་གསར་བརྗེའི”ལོ་གསུམ་བྱ་སྤྱོད་ཇུས་གཞི》གཞིར་བཟུང་། འདི་ལོ་མཚོ་ཤར་གྲོང་ཁྱེར་གྱིས་གསང་སྤྱོད་ཁག་33826གསར་སྐྲུན་དང་བསྐྱར་སྐྲུན་བྱེད་རྩིས་ཡོད་པའི་ནང་ཞིང་འབྲོག་དུད་ཚང་གིས་སྤྱོད་པའི་འཕྲོད་བསྟེན་གསང་སྤྱོད་32900གཤམ་སྤྲོད་བྱས་པའི་ནང་གྲོ་ཚང་ཆུས་7200དང་། དམངས་སྤྱོད་3760རྫོང་12100བར་ལུང་རྫོང་4750ཡ་རྫི་རྫོང་5090བཅས་ཚུད་ཡོད་པ་རེད། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་། འདི་ལོ་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་གྱི་གསང་སྤྱོད་འཛུགས་སྐྲུན་གྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པའི་རྨང་གཞིའི་ཐོག་ཞིང་དུད་ཀྱི་གསང་སྤྱོད་གཙོ་གནད་དུ་བྱེད་པ་དང་། “སྔོན་ལ་སླ་བ་དང་རྗེས་སུ་དཀའ་བའི”རྩ་དོན་གཞིར་བཟུང་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་སྡུད་ཡུག་འབྲེལ་གྱི་སྒྱུར་བཀོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲོན་ཧྲུའེ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སོགས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་བའི་ས་ཁུལ་གྱི་ཞིང་དུད་ཀྱི་གསང་སྤྱོད་སྔོན་ལ་སྒྱུར་བཀོད་བྱས་ནས་ཐུང་ཧྲན་དང་ཀླད་ཧྲན་སོགས་ཆ་རྐྱེན་འཛོམས་མེད་པའི་ས་ཁུལ་དུ་རིམ་བཞིན་སྣུར་སྲིང་བྱས་ནས་གསང་སྤྱོད་ཁང་དང་གསང་སྤྱོད་ཁང་དུ་འཇུག་ཐུབ་པ་བྱ་རྒྱུ་རེད།

ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་རིང་། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་མིག་སྔར་རྫོང་དང་ཆུས་5ཚང་མར་རྫོང་དང་ཆུས་དང་འཕྲོད་བསྟེན་ཅན་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་ཤང་དང་གྲོང་རྡལ་ཁག་གིས་སྒྲིག་འཛུགས་ལག་བསྟར་བྱེད་པའི་ལམ་སྲོལ་ཞིབ་ཕྲ་ཞིག་ཆགས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་དུད་ཀྱི་གསང་སྤྱོད་འཛུགས་སྐྲུན་ལས་འགན་ཕྱེད་ཀ་ལྷག་ཙམ་ཟིན་མོད། འོན་ཀྱང་གསང་སྤྱོད་འཛུགས་སྐྲུན་གྱི་སྤུས་ཚད་དང་གནམ་ཁང་གི་ལུད་སྤུང་རྣམ་པའི་གསང་སྤྱོད་བསྒར་སྟངས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཡོད།

ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རྫོང་དང་ཆུས་ཁག་གིས“གསང་སྤྱོད་གསར་བརྗེའི”ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”དེ་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། འཕེལ་སྒྱུར་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཝུའེ་ཅན་དང་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ལག་རྩལ་མཛུབ་ཁྲིད་ལས་དོན་ཡག་པོ་བསྒྲུབས་ནས་གསོ་སྦྱོང་དང་རྗེས་སྙེག་ཞབས་ཞུའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གསང་སྤྱོད་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས་པ། ཤང་གྲོང་ཁག་གིས་ཞིབ་ཕྲའི་སྒྲིག་འཛུགས་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ཏེ་ལག་རྩལ་མཛུབ་ཁྲིད་པ་གསོ་སྦྱོང་དང་བཀོད་སྒྲིག་བྱས་ནས་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དེ་དང་ཆབས་ཅིག་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ཞིང་དུད་ཀྱི་གསང་སྤྱོད་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་ཆེན་པོ་བྱས་ཏེ་ཚད་ལོན་མེད་པའི་གསང་སྤྱོད་ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད། ལས་འགོ་མ་ཚུགས་པའི་གསང་སྤྱོད་འཛུགས་སྐྲུན་མ་བྱས་གོང་གི་གསོ་སྦྱོང་མཛུབ་ཁྲིད་དང་འཛུགས་སྐྲུན་བྱེད་རིང་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ནས་གནད་དོན་ཡོད་པའི་གསང་སྤྱོད་ཐོན་རྒྱུ་ནན་འགོག་བྱེད་དགོས། ཁྲལ་སེལ་སླ་བཅོས་དང་། མི་བདེན་རྫུན་སྒྲིགགྲངས་ཀ་ལོངས་ཐབས་བཅས་བྱེད་པའི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱ་དགོས་པ་དང་། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་འགན་འཁྲི་རྩད་གཅོད་མཐའ་གཅིག་ཏུ་བྱ་དགོས། གཞན་ཡང་ཅང་སུའུ་དང་ཨན་ཧུའེ་སོགས་ཞིང་ཆེན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་དཔེ་མཚོན་བྱ་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་རྫོང་གི་གནས་ཚུལ་དང་། ཤང་གི་གནས་ཚུལ། གྲོང་ཚོའི་གནས་ཚུལ་བཅས་དང་འཚམ་པའི་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”འཛུགས་སྐྲུན་བྱེད་སྟངས་སྤྱད་དེ་མང་ཚོགས་ཀྱི་འདོད་བློ་བསྡུ་ལེན་གང་ལེགས་བྱེད་པ་དང་། ཡུལ་བབ་དང་། གྲོང་ཚོའི་གནས་བབ། དུད་ཚང་གི་གནས་ཚུལ་བཅས་ལ་གཞིགས་ནས་གསང་སྤྱོད་སྒྱུར་བཀོད་ཀྱི་རྣམ་པ་དང་ཨར་ལས་བྱེད་སྟངས་འདེམས་པ་དང་། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྣམ་པ་སྤྱད་དེ་ཁྲོམ་རའི་ལམ་སྲོལ་ནང་བཤང་སྙིགས་གཙང་སེལ་དང་བཙོག་དངོས་བེད་སྤྱོད་ནུས་ལྡན་གྱིས་སྣོད་བཅུད་ཁོར་ཡུག་གི་འཁོར་རྒྱུག་བཟང་པོ་ཞིག་བསྐྲན་པ་རེད།