མཚོ་ཤར་གྲོང་ཁྱེར་དུ་ཤེས་ལྡན་མི་སྣའི་ས་ཚིགས་ཀྱི་ཞབས་ཞུ་མངོན་འགྱུར་བྱུང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཚུན་ལ་མཚོ་ཤར་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣའི་ལས་དོན་གྱི་གནད་ལ་འཕིགས་ཚད་མཐོ་རུ་གཏོང་ཆེད་ཁེ་ལས་དང་བྱ་གཞག་ཚན་པ་གཙོ་གནད་ཁག་གཅིག་གིས་གནས་དང་གནས་ལ་ཞབས་ཞུ་བྱ་རྒྱུ་གཏན་འཁེལ་བྱས་ནས་ཤེས་ལྡན་མི་སྣའི་ལས་དོན་གྱི་ཞབས་ཞུ“འབྲེལ་མཐུད་མེད་པའི”མི་སྤྱོད་ཚན་པ་མངོན་འགྱུར་བྱུང་ནས་ཤེས་ལྡན་མི་སྣའི་ལས་ཕྱོད་དང་ཞབས་ཞུའི་ཤེས་ལྡན་མི་སྣའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

འདི་ལོ་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་གའི་ཚན་པ་ཁག་དང་དེ་བཞིན་ཁེ་ལས་ཀྱི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་དམིགས་ཏེ་མཚོ་སྔོན་གྱི་ནུས་པ་ཀུན་འདུས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣའི་རྣམ་གྲངས་འདུ་འགོད་ལ་དམིགས་ཏེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་དང་། རིག་གནས་དང་རླུང་འཕྲིན་བརྙན་འཕྲིན། འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སོགས་གྲོང་ཁྱེར་ཐད་གཏོགས་ཚན་པ་5གཙོ་གནད་ཞབས་ཞུ་བྱ་ཡུལ་དུ་གཏན་འཁེལ་བྱས་ཏེ་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་སྲིད་ཇུས་ལམ་སྲོལ་གཏོད་རྒྱུ་དང་། འབྲིང་རིམ་དང་དམའ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྩེར་སོན་རྣམ་གྲངས་ལ་དམིགས་ཏེ་སྐུལ་འདེད་བྱས། 

མཚོ་ཤར་གྱིས་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་མི་སྣའི་ཞབས་ཞུའི་ལྟེ་གནས་དང་། གླེང་སྟེགས་རྩེ་གྲ། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ་སོགས་བཙུགས་ནས་ཤེས་ལྡན་མི་སྣའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་བློ་སྒོ་འབྱེད་པའི་བསམ་གཞིག་ལ་རོགས་རམ་བྱས་ཏེ་རིག་སྟོབས་ཐོན་ཁུངས་ཕན་ནུས་ལྡན་པའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་བཏང། མིག་སྔར་ཁེ་ལས་མཁས་ཅན་གྱི་འཚར་ལོངས་སློབ་ཁང་54གཉེར་བ་དང་གསོ་སྦྱོང་མི་གྲངས་1200ཟིན་ཡོད། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་ཤེས་ལྡན་མི་སྣར་ཞབས་ཞུ་ཧུར་ཐག་བསྒྲུབས་ནས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཤེས་ལྡན་མི་སྣ་22ལ་ལོ་ལྟར་འཚོ་བའི་ཁ་གསབ་སྒོར་ཁྲི་3སྤྲོད་རྒྱུ་དང་ལོ་5ལོངས་སྤྱོད་བྱ་རྒྱུ་ཡིན་པ་རེད། “མངག་ཐོ་”ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་ལག་བསྟར་དང་། གསར་གཏོད་ལས་སྐྲུན་གྱི་ཤེས་ལྡན་མི་སྣ་དང་ན་གཞོན་ཁེ་ལས་པའི་གསོ་སྦྱོང་འཛིན་གྲྭ། ཡུལ་སྐོར་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བཅས་འཛུགས་གཉེར་བྱས་ཏེ། ས་གནས་དེ་གའི་ཤེས་ལྡན་མི་སྣ་100ལྷག་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།