མཚོ་ནུབ་ཁུལ་གྱིས“ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན། རྒྱལ་སྟོན་བསུ་བའི”ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9ཚེས5ཉིན། མཚོ་ནུབ་ཁུལ་གྱིས“ཉེན་ཁ་འགོག་པ་དང་། བདེ་འཇགས་སྲུང་བ། རྒྱལ་སྟོན་བསུ་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག2019ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གནས་ཚུལ་དང་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས་རྒྱལ་སྟོན་རིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་བཅས་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་མངོན་པ་དང་། མི་རིགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་མཚོན་པ་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་དམིགས་བསལ་དྲན་གསོ་བྱེད་སྟངས་ཤིག་རེད། ཚད་གཞི་མཐོ་པོས་རྟེན་འབྲེལ་བྱེད་སྒོའི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།

ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དམིགས་བསལ་བླང་བྱར་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་ས་ཚིགས་སྔར་བས་མཐོ་རུ་བཏང་ནས་སྒྲིག་གཞིའི་སྒྲིག་གཞི་སྒྱུར་བཅོས་ལེགས་གྲུབ་བྱས་རྗེས་ཀྱི་དམག་འཐབ་དང་པོ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། ལས་ཀའི་བྱ་ཐབས་ཐད་སླར་ཡང་དོན་འཁྱོལ་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྷུ་ཚིགས་ཞན་སར་དམ་པོར་དམིགས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། བརྒྱུད་རིམ་དོ་དམ་ཚོད་འཛིན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མངོན་མེད་རྐྱེན་ངན་གཏན་འཁེལ་དང་དག་ཐེར་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་གཞིར་བཟུང་རེ་རེ་བཞིན་ཞིབ་བཤེར་དང་རེ་རེ་བཞིན་གཏན་འཁེལ་བྱས་ཏེ་མངོན་མེད་རྐྱེན་ངན་དམ་འཛིན་ནན་པོ་དང་རྗེས་འདེད་སྐུལ་འདེད་བྱེད་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱུན་གཏན་གྱི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ལས་རིགས་དང་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཐེངས་གྲངས་དང་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པ། ཇུས་གཞི་བཟོ་བའི་ཐད་སླར་ཡང་ཞིབ་ཚགས་སུ་གཏོང་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རང་སོ་སོའི་ལས་ཀའི་ཇུས་གཞི་ཞིབ་འཇུག་ནན་ཏན་བྱས་ནས་བཟོས་ཏེ་ཇུས་གཞི་དོན་འཁྱོལ་ནུས་ལྡན་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།