ན་གོར་མོ་གྲོང་ཁྱེར་གྱིས་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཞིང་འབྲེལ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་དང་སྲིད་ཇུས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་ཞིང་འབྲེལ་མ་དངུལ་གྱི་གནད་དོན་ཐག་གཅོད་བྱ་ཆེད། གོར་མོ་གྲོང་ཁྱེར་གྱིས་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་འགན་ལེན་དང་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

དུས་ཐོག་ཏུ་སྒྲིག་གཞི་བཙུགས་པ་དང་སྡེ་ཚན་གྱི་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་འགོ་ཁྲིད་ཚོགས་ཆུང་འཛུགས་པ། ཞིང་འབྲེལ་མ་དངུལ་དོ་དམ་གྱི“མིག་མངས་ལྟ་བའི”འདུ་ཤེས་འཛུགས་པ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་མཉམ་འགུལ། རང་འགན་རང་འཁུར། ལས་ཀའི་རྣམ་པ་ཆགས་པ་བཅས་བྱས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་དང་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་པ་རེད། ལམ་ལུགས་བཙུགས་ནས་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས《ན་གོར་མོ་གྲོང་ཁྱེར་གྱི2019ལོའི་ནོར་སྲིད་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བེད་སྤྱོད་ལེགས་སྒྲིག་ཇུས་གཞི》ཚན་རིག་དང་མཐུན་པའི་སྒོ་ནས།ལག་བསྟར་ཇུས་གཞི་དོན་དངོས་དང་སྔར་བས་འཚམ་པ་བྱ་ཆེད། ཁོངས་གཏོགས་ཚན་པ་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་ཞིབ་ཕྲའི་མ་དངུལ་བསྡུ་སྒྲིལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཏེ་ཀྲུང་དབྱང་དང་། ཞིང་ཆེན། ཁུལ། གྲོང་ཁྱེར་བཅས་ཀྱིས་བཀོད་སྒྲིག་བྱས་པའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་། ཆུ་བེད་འཕེལ་རྒྱས་མ་དངུལ། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་མ་དངུལ་སོགས་རིགས་དགུའི་མ་དངུལ་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ཁྱབ་ཁོངས་ནང་བཅུག་ནས་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ལས་དོན་འཆར་འགོད་ཐད་གཙོ་རྐང་གསལ་པོ་ཞིག་བཏོན་ནས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་པ་རེད།

མིག་སྔའི་བར་ཞིང་འབྲེལ་རྣམ་གྲངས73བསྡུ་སྒྲིལ་ཁྱབ་ཁོངས་ནང་བཅུག་ནས་ཞིང་འབྲེལ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་33839.72གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བྱས་པ་དང་། མ་དངུལ་སྒོར་ཁྲི་29615.73དོན་དངོས་ཐོག་སྤྱི་འདོམས་བསྡུ་སྒྲིལ་བྱས་པ། ལོ་འཁོར་རེར་བསྡུ་སྒྲིལ་བྱས་པའི་མ་དངུལ་གྱི་གཞི་ཁྱོན་དེས་འཆར་གཞིའི་བསྡུ་སྒྲིལ་མ་དངུལ་གྱི་གཞི་ཁྱོན་གྱི་བསྡུར་གྲངས་བཟུང་ཚད་9%ཟིན་ཡོད་པ་རེད།

དེ་དང་ཆབས་ཅིག་ན་གོར་མོ་གྲོང་ཁྱེར་གྱིས་ལྟ་སྐུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲེལ་མ་དངུལ་བདེ་འཇགས་ནུས་ལྡན་ཡོང་བར་འགན་ལེན་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་བཤེར་དང་རྩིས་བཤེར་སོགས་སྡེ་ཚན་ལ་གཞོགས་འདེགས་ཀྱིས་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། རྗེས་འདེད་དང་ཕན་འབྲས་འདྲི་ཤུགས་ཆེ་རུ་གཏོང་བ། ལས་དོན་སྤེལ་ཤུགས་མི་འདང་བ་དང་སྒྱིད་ལུག་རྣམ་གཡེང་སོགས་ཀྱི་བྱེད་སྤྱོད་རིགས་གྲོང་ཁྱེར་སྲིད་གཞུང་ལ་བརྡ་ཁྱབ་གཏོང་རྒྱུར་སྙན་ཞུ་འབུལ་བ་དང་འབྲེལ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་ནས་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་བདེ་འཇགས་ཚད་ལྡན་དང་ཕན་འབྲས་མཐོ་བའི་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཞིང་ཆེན་ཡོངས་ཀྱི་ཞིང་འབྲེལ་མ་དངུལ་གྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་མ་ལག་དང་ཟུང་འབྲེལ་བྱས་ནས་རྣམ་གྲངས་མ་དངུལ་ལ་དུས་ཐོག་ཏུ་ལྟ་སྐུལ་བྱས་ཏེ་རྣམ་གྲངས་ཚན་པ་ཁག་གིས་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གྱི་གཏོང་སྒོའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་ལྟ་སྐུལ་བྱས་ཡོད། “དྲ་སྦྲེལ+ལྟ་སྐུལ”གྱི་ལས་སྟེགས་བརྒྱུད་ཞིང་འབྲེལ་བསྡུ་སྒྲིལ་ལས་དོན་གྱི་ཞིབ་ཕྲའི་ནང་དོན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གནད་སྨིན་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།