ཟླ9པ་ནས་བཟུང་ཞིང་ལས་ས་ཐོག་ནས་ལུག་གི་གསོ་ར་བསྐོར་ན་རེ་ཞུ་རྒྱག་དགོས་མེད་པ་བཟོས་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁོངས་ས་ཞིང་ཐོན་ཁུངས་པུའུ་ཡིས་གསར་དུ་སྒྲིག་བཟོ་བྱས་པའི《རྒྱལ་ཡོངས་ཀྱི་ས་ཞིང་རིགས་དབྱེ》དང་།《གསོ་སྤེལ་ཐད་སྤྱོད་པའི་ས་ཞིང་ཇི་ལྟར་ཐག་གཅོད་བྱེད་པའི་སྐོར་ཀྱི་དགོངས་ཞུ》ལས་གཏན་འབེབས་ལྟར་ན། གསོ་སྤེལ་ཐད་སྤྱོད་པའི་ས་ཞིང་དེ་ཞིང་ལས་ས་ཞིང་གི་ཁོངས་སུ་འདུ་ལ། དེའི་སྟེང་གསོ་སྤེལ་ཁང་བ་འཛུགས་སྐྲུན་བྱེད་པ་ས་ཞིང་བེད་སྤྱོད་བཅོས་སྒྱུར་གྱི་ཁོངས་སུ་མི་འདུ་བས། གཞི་རྩའི་ས་ཞིང་བདག་བཟུང་ལས་ཕུད་པའི་རྨོ་ཞིང་སྤྱོད་པའི་གསོ་སྤེལ་ལས་རིགས། འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་དང་གནས་སྐབས་ཀྱི་ས་ཞིང་བེད་སྤྱོད་ལྟར་ཞིབ་བཤེར་ཆོག་མཐུས་འགོད་མི་དགོས་པ་བཟོས་ཡོད།

ས་ཞིང་འགན་ལེན་པའི་ཐོན་སྐྱེད་ཚོང་གཉེར་གྱི་རང་བདག་དབང་ཆར་བརྩི་འཇོག་གང་ལེགས་སྒོས། རྨོ་ཞིང་གི་རྨོ་འདེབས་རིམ་པ་དང་འདེབས་འཛུགས་ཆ་རྐྱེན་ལ་གཏོར་བརླག་མ་བཟོས་ཚེ། ས་ཞིང་འགན་ལེན་པས་རྨོ་ཞིང་གསོ་སྤེལ་ལས་རིགས་ཐད་དུ་སྤྱོད་པར་རང་བདག་གིས་ཐག་གཅོད་བྱ་ཆོག རྒྱལ་ཁོངས་ས་ཞིང་ཐོན་ཁུངས་པུའུ་དང་ཞིང་ལས་པུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག《གཞི་རྒྱ་ཆེ་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་འབྲེལ་ཡོད་ས་ཞིང་སྤྱོད་པའི་སྲིད་ཇུས་ལ་སྐུལ་འདེད་བྱེད་པའི་ཐད་ཀྱི་བརྡ་སྦྱོར》བཀྲམས་ཏེ། ས་ཁུལ་སོ་སོས་ས་ཞིང་ལེགས་སྒྲིག་དང་ཞིང་སྡེའི་གསར་པ་འཛུགས་སྐྲུན་ཁྲོད། གཞི་རྒྱ་ཆེ་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་དགོས་མཁོར་དམིགས་ནས་ས་ཞིང་འཇོག་པ་དང་ས་ཞིང་སྤྱོད་པའི་ཆ་རྐྱེན་འདོན་སྤྲོད་བྱ་དགོས། ས་གནས་སྲིད་གཞུང་གང་ཞིག་ཡིན་ཡང་ཞིང་སྡེའི་གསར་པ་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་བཅས་ལ་ཁ་གཡར་ནས་གཞི་རྒྱ་ཅན་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བཀག་སྡོམ་དང་ཚོད་འཛིན་བྱ་མི་ཆོག་ཅེས་བསྟན་ཡོད་པ་རེད།

གསོ་སྤེལ་ར་བ་འཛུགས་སྐྲུན་ལ་གཤམ་གྱི་ཆ་རྐྱེན་འདི་དག་ལྡན་དགོས།

1、རྨོ་ཞིང་གི་རྨོ་འདེབས་རིམ་པ་དང་འདེབས་འཛུགས་ཆ་རྐྱེན་ལ་གཏོར་བརླག་བཟོས་མི་ཆོག

2、ས་ཞིང་སྲུང་སྐྱོབ་ས་ཁོངས་ནང་འཛུགས་སྐྲུན་བྱ་མི་ཆོག་ལ། སྲུང་སྐྱོབ་ས་ཁོངས་མ་ཡིན་པའི་ས་ཞིང་སྟེང་འཛུགས་སྐྲུན་བྱ་དགོས།

3、བཀག་སྡོམ་གསོ་སྤེལ་ས་ཁོངས་ནང་འཛུགས་སྐྲུན་བྱ་མི་ཆོག ཆུ་བོ་དང་འཐུང་ཆུའི་མགོ་ཁོངས་སོགས་ལ་ངེས་པར་དུ་རྒྱང་བསྐྱེད་དགོས།

4、ཁོར་སྲུང་དཔྱད་ཞིབ་ཇུས་འགོད་བླང་བྱ་དང་མཐུན་དགོས་ཤིང་། 《སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་ཚད་ལོན་དཔང་ཡིག》ལེན་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།