དྲ་གྲོགས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་འཕྲིན46བསྐུར་བར་ལན་སྤྲད་པ་ལས་ལྔ་པ།

དམངས་ཀྱིས་ལན་འཕྲིན་འཇོག་དེབ་ཐོག

གུས་པར་འོས་པའི་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ། ཁྱེད་བདེ་མོ། ང་ཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་དུ་ཁ་ཕྱོགས་པའི་རིན་མེད་མངགས་ཐོ་གཏན་འཁེལ་གྱི་སློབ་མ་ཡིན། 2018ལོའི་ཟླ7པར་སློབ་མཐར་ཕྱིན་རྗེས། གཏན་འཁེལ་གྱི་ལས་ཁུངས་སུ་སོང་ནས་བྱ་བ་བསྒྲུབས་པ་ཡིན། ད་ནི་ལས་ཐོག་ཏུ་ཞུགས་ནས་ཟླ་བ5རིང་འགོར་ཡོད། ཡིན་ནས་ང་ཚོ་མཚོ་ལྷོ་ཁུལ་གྱི་གཏན་འཁེལ་སློབ་མས་གླ་ཕོགས་སྐར་གཅིག་ལ་ལེན་ཐུབ་མེད་པ་མ་ཟད་སྒེར་གྱི་སྒྲིག་ཁོངས་གནད་དོན་ཡང་ཐག་གཅོད་ཐུབ་མེད། ང་ཚོས་གནད་དོན་འདི་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ཅུས་དང་། ཁུལ་འཕྲོད་བསྟེན་འཆར་སྐྱེས་ཨུ་ལྷན་བཅས་ལ་གནས་ཚུལ་ཡར་ཞུ་ཞུས་ཀྱང་ཚང་མས“བརྡ་སྦྱོར་ལ་སྒུག་དགོས”པའི་ལན་སྤྲད་སོང་། 2018ལོའི་ཟླ12ཚེས7ཉིན་ལ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ང་ཚོར་ལུས་ཐང་ནད་བཤེར་དང་ཆབ་སྲིད་ཞིབ་བཤེར་བྱས་བྱུང་ལ། དེའི་རྗེས་ནས་གྲགས་འགུལ་ཅི་ཡང་མ་བྱུང་། (ང་ཚོ་མཚོ་ལྷོ་ཁུལ་མ་གཏོགས་རང་ཞིང་གི་ཁུལ་དང་རྫོང་གཞན་དག་གིས་ང་ཚོ་ལྟ་བུའི་གཏན་འཁེལ་སློབ་མའི་གླ་ཕོགས་དང་སྒྲིག་ཁོངས་ཚང་མ་ཐག་བཅད་འདུག)ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་གོང་ཞུ་གནས་ཚུལ་འདི་མཐོང་ན་ཐག་གཅོད་བྱེད་རོགས་མཛོད།

ཧྲིན་ཀྲང་གིས་ལན་དུ་བསྐུར་བ།

2019ལོའི་ཟླ2ཚེས2ཉིན། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐོག་དོན་དག་འདི་ལ་ཞིབ་འཇུག་བྱས་ཏེ་མོས་འཐད་བྱུང་ཡོད་པ་མ་ཟད། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་འཕྲོད་བསྟེན་འཆར་སྐྱེས་ཨུ་ལྷན་གྱིས་དེའི་སྐོར་གྱི་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས་པར་རེ་བ་བཏོན་ཡོད། ཟླ2ཚེས2ཉིན་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཅུས་ཀྱིས་འབྲེལ་ཡོད་ཡིག་ཆ་བཀྲམས་ཤིང་། ཟླ2ཚེས28 ཉིན་རྫོང་ཁག་གི་མི་ཤུགས་ཐོན་ཁུངས་དང་འཕྲོད་བསྟེན་འཆར་སྐྱེས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་བཀོལ་འགྲོ་ལུགས་ཚང་མ་བསྒྲུབ་ཚར་དུ་འཇུག་རྒྱུ་མ་ཟད། 2018ལོའི་ཟླ7ཚེས1ཉིན་ནས་བཟུང་གླ་ཕོགས་སྟེར་རྒྱུ་བྱས་ཡོད།

ཁོན་ཐར་འཚོས་བསྒྱུར།