རླངས་འཁོར་གྱི་སྣུམ་རིན་ཡང་བསྐྱར་འཕར་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལྟར་ན། 2019ལོའི་ཟླ9པའི་ཚེས3ཉིན་ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ས་སྣུམ་གྱི་རིན་གོང་ཏུན་རེའི་སྟེང་སྒོར115དང105བསྣན་པ་རེད། རྒྱལ་ཁབ་ཀྱི་གཅིག་གྱུར་གཏན་འབེབས་གཞིར་བཟུང་སྟེ། མཚོ་སྔོན་གྱིས2019ལོའི་ཟླ9པའི་ཚེས3ཉིན་ནས་བཟུང་། ཞིང་ཆེན་གྱི་རླངས་སྣུམ་དང་ས་སྣུམ་གྱི་ཆེས་མཐོའི་སིལ་འཚོང་རིན་གོང་དུས་མཉམ་དུ་ཇེ་མཐོར་བཏང་ཞིང་། འབྲེལ་ཡོད་སྣུམ་རིན་གཞན་དག་གི་སྲིད་ཇུས《རྡོ་སྣུམ་གྱི་རིན་གོང་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། སྐོར་ཐེངས་འདིའི་སྣུམ་རིན་ལེགས་སྒྲིག་གཟའ་འཁོར(ཟླ8པའི་ཚེས20—ཟླ9པའི་ཚེས2)ནང་། རྒྱལ་སྤྱིའི་སྣུམ་རིན་འཕར་ཚད་ཆ་སྙོམས་སྒོས་བལྟས་ན། ལུན་ཏུན་གྱི་པུའུ་ལུན་ཐེ་དང་ཉིའུ་ཡུའེWTIསྣུམ་རིན་སྐོར་ཐེངས་སྔོན་མ་དང་བསྡུར་ན1.70%ཡིས་འཕར་ཡོད་པས། རྒྱལ་ནང་གི་རླངས་སྣུམ་དང་ས་སྣུམ་གྱི་སིལ་འཚོང་རིན་གོང་ཡང་ཇེ་མཐོར་བཏང་བ་རེད།

རྒྱལ་ཡོངས་ནས་ཆ་སྙོམས་སྒོས་རླངས་སྣུམ་ཨང་རྟགས92ཅན་སྤྱི་རྒྱ་གང་རེར་སྒོར0.09འཕར་ཡོད། རླངས་སྣུམ་ཨང་རྟགས95ཅན་སྤྱི་རྒྱ་གང་རེར་སྒོར0.10འཕར་ཡོད། ས་སྣུམ་ཨང་རྟགས0ཅན་སྤྱི་རྒྱ་གང་རེར་སྒོར0.09འཕར་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།