དེ་རིང་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་གཞུང་བཅད་གོང་བདེའི་ཕག་ཤ་སོགས་ཤ་རིགས་གསར་པ་མཁོ་འདོན་རྒྱུ་རེད།

ཟླ8ཚེས30ཉིན་ནས་ཟླ10ཚེས10ཉིན་བར། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་ཁུལ་གྱི་གནས་གཏན་ཕག་བཤའ་ཁེ་ལས་ཀྱི་མཁོ་འདོན་ཚོང་ར་དང་། གྲོང་ཁྱེར་ཡོངས་ཀྱི་ལུག་བཤའ་ཁེ་ལས་གཉིས་ཀྱི་མཁོ་འདོན་ཚོང་ཁང་བཅས་ཚོང་ཁང74ལ་གཞུང་བཅད་གོང་བདེའི་ཕག་ཤ་དང་ལུག་ཤ་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། དེ་ལས་ཚོང་ར་དེ་གའི་གཞུང་བཅད་གོང་བདེའི་ཕག་ཤའི་སིལ་ཚོང་གི་རིན་གོང་རྒྱ་མ་གང་རེར་སྒོར16ལས་མཐོ་མི་རུང་ལ། ལུག་ཤའི་སིལ་ཚོང་རིན་གོང་རྒྱ་མ་གང་རེར་སྒོར33ལས་མཐོ་མི་རུང་བ་གཏན་འཁེལ་བྱས་འདུག

གཞུང་བཅད་གོང་བདེའི་ཕག་ཤ་དང་ལུག་ཤ་ཚོང་རར་མཁོ་འདོན་བྱེད་རིང་། དེར་གཏོགས་ཀྱི་ཕག་ཤ་དང་ལུག་ཤ་སིལ་ཚོང་གི་དྲ་གནས་སུ་གཅིག་གྱུར་ཐོག“ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་གཞུང་བཅད་གོང་བདེའི་ཕག་ཤ་ཚོང་ས”ཞེས་པ་དང་། ལུག་ཤ་སིལ་ཚོང་དྲ་གནས་སུ་གཅིག་གྱུར་ཐོག“ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་གཞུང་བཅད་གོང་བདེའི་ལུག་ཤ་ཚོང་ས”ཞེས་པའི་མིང་བྱང་འགེལ་དགོས་པ་མ་ཟད། ལྟ་རྟོག་བྱེད་མཁན་ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁ་པར12315དང་། ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཁ་པར6133765། ཟི་ལིང་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཁ་པར6123904། ཟི་ལིང་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཁ་པར6113969བཅས་གསལ་བསྒྲགས་བྱས་ནས་ལས་ཁུངས་དེ་དག་གིས་ལྟ་རྟོག་བྱ་རྒྱུ་རེད།

གཞུང་བཅད་གོང་བདེའི་ཤ་རིགས་ཚོང་རར་འདོན་པའི་སྐབས། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། ཚོང་དོན་ཅུས། བཅོས་སྒྱུར་གོང་སྤེལ་ཨུ་ལྷན། དེ་མིན་ཆུས་སོ་སོའི་མི་དམངས་སྲིད་གཞུང་བཅས་ཀྱིས་ལྟ་སྐུལ་ཚན་ཆུང་བཙུགས་ཏེ། སིལ་ཚོང་བྱེད་མཁན་དྲ་གནས་སོ་སོས་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་བཤེར་དང་། སྤྱི་ཚོགས་ཀྱི་བསམ་འཆར་ལ་ལན་ཆ་སྤྲད་དེ་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་ལེན་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།