དྲ་གྲོགས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་འཕྲིན46བསྐུར་བར་ལན་སྤྲད་པ་ལས་གསུམ་པ།

དམངས་ཀྱིས་ལན་འཕྲིན་འཇོག་དེབ་ཐོག 

ཁྱེད་བདེ་མོ། ཧའེ་ཧོང་དང་པོའི་སྡོད་ཁུལCཀྱི་གཏན་འཇགས་རྒྱུ་ནོར་དཔང་ཡིག་ནམ་དུས་ཤིག་ལ་བསྒྲུབ་ཐུབ། ང་ཚོས་ཁང་པ་ཉོས་ནས་དུས་ཡུན་རིང་འགོར་ལ། ཁང་པ་དེ་མ་དངུལ་འབོར་ཆེན་བཏང་ནས་ཉོས་པ་ཡིན་པས། གཏན་འཇགས་རྒྱུ་ནོར་དཔང་ཡིག་ལེན་ཐུབ་མིན་ལ་དངོས་འབྲེལ་སེམས་ཁྲལ་ཆེན་པོ་ཡོད།

ཧྲིན་ཀྲང་གིས་ལན་དུ་བསྐུར་བ། ཁྱེད་བདེ་མོ།ཁྱེད་ཀྱིས་བཏོན་པའི་གནད་དོན་དེ་རྟོག་ཞིབ་བྱས་པ་ལྟར་ན། གཅིག མཚོ་སྔོན་ཧའེ་ཧོ་ཁང་ས་གསར་སྤེལ་ཚད་ཡོད་ཀུང་སིས《གཏན་འཇགས་རྒྱུ་ནོར་ཐོ་འགོད་ཡི་གེ་མྱུར་དུ་ལེན་པའི་སྐོར་གྱི་སྙན་ཞུ》གཏན་འཇགས་རྒྱུ་ནོར་ཡི་གེ(2019)ཨང34བ་བཀྲམས་ཏེ། གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་འབྲེལ་ཡོད་འགྲོ་ལུགས་མྱུར་དུ་བསྒྲུབ་ཐུབ་པར་སྐུལ་འདེད་བཏང་ཡོད་པ་རེད། གཉིས། གྲོང་ཁྱེར་ཞུ་གཏུག་ཅུས་ཀྱིས་སྣེ་འཁྲིད་ཅིང་། གྲོང་ཁྱེར་ཞུ་གཏུག་ཅུས་དང་གྲོང་ཁྱེར་རྒྱལ་ཁོངས་ས་ཞིང་ཐོན་ཁུངས་ཅུས། གྲོང་ཁྱེར་སྡོད་ཁང་འགན་སྲུང་དང་ཁང་ས་དོ་དམ་ཅུས། གྲོང་ཁྱེར་སྲིད་འཛིན་མཆན་འགོད་ཞབས་ཞུ་ཅུས་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག《སྐུལ་སྒྲུབ་བརྡ་ཐོ》(ཟི་ལིང་ཞུ་གཏུག་ཅུས་སོགས་ཀྱི་མཉམ་འབྲེལ་ཐོག་བཏོན་པའི་ཡི་གེ【2018】ཨང44བ)བཀྲམས་ཏེ། མཚོ་སྔོན་ཧའེ་ཧོང་ཁང་ས་གསར་སྤེལ་ཚད་ཡོད་ཀུང་སིས་མྱུར་དུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས་པར་སྐུལ་མ་བཏང་ཡོད། གསུམ། གསར་སྤེལ་འཛུགས་སྐྲུན་ལས་ཁུངས་ཀྱིས་སྡེ་ཁག་གི་ལས་ཀ་མཇུག་བསྡུ་བའི་རིས་ཁྲ་བཟོ་བཞིན་ཡོད། བཞི། གསར་སྤེལ་འཛུགས་སྐྲུན་ལས་ཁུངས་ཀྱིས་ལས་སྒྲུབ་ཀྱི་གནས་ཚུལ་རེ་རེ་སྡོད་ཁུལ་གྱི་སྡོད་དམངས་ལ་གསལ་སྒྲོག་བྱ་རྒྱུ་བྱས་ཡོད།

ཁོན་ཐར་འཚོས་བསྒྱུར།