དྲ་གྲོགས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་འཕྲིན46བསྐུར་བར་ལན་སྤྲད་པ་ལས་གཉིས་པ།

དམངས་ཀྱིས་ལན་འཕྲིན་འཇོག་དེབ་ཐོག 

གུས་པར་འོས་པའི་ཧྲིན་ཀྲང་། ང་ནི་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་དཀྱུས་མ་ཞིག་ཡིན། ཟི་ལིང་མཁར་ཤར་ཆུས་ཧུའེ་ཞིན་ཚོང་རའི་འཁྲིས་ཀྱི་མྱུར་ལམ་གྱི་འགྲོ་སྒོའི་འགྲམ་ཞིག་ཏུ་གཞིས་སྡོད་བྱས་ཡོད། ངས་ཁྱེད་དང་འབྲེལ་ཡོད་ལས་ཁུངས་ལ་གནད་དོན་ཚབས་ཆེན་པོ་ཞིག་ཞུ་འདོད་ཡོད། ཟླ3པའི་ཟླ་དཀྱིལ་ནས་མཁར་ཤར་ཆུས་ཧུའེ་ཞིན་ཚོང་རར་ཨར་སྐྲུན་གད་སྙིགས་གཙང་བཟོ་བྱས་པ་ནས་བཟུང་། གནོད་འགོག་གི་བྱེད་ཐབས་ཅི་ཡང་བཏོན་མི་འདུག་པར། ང་རང་སྡོད་སའི་ལམ་ཁར་རྒྱུན་དུ་བྱེ་རྡོ་འགྲིལ་ནས་ཚེ་སྲོག་དང་རྒྱུ་ནོར། དེ་བཞིན་དུས་རྒྱུན་གྱི་འཚོ་བར་ཤུགས་རྐྱེན་བཟོས་ཡོང་། དེང་གི་ཟི་ལིང་གྲོང་ཁྱེར་ཇེ་མཛེས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ལ། འགོ་ཁྲིད་རྣམས་ཀྱིས་ཀྱང་ཁོར་ཡུག་སྲུང་སྐྱོང་དང་སྲང་ལམ་གྲལ་དག་པོ་ཡོང་བ་ལ་མཐོང་ཆེན་པོ་བྱེད་ཀྱིན་ཡོད་པས། དེ་དང་ཇི་བཞིན་དུ་མངོན་མེད་རྐྱེན་ངན་ཡང་སེལ་དགོས་འདུག ང་ཚོས་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ལ། ང་ཚོ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཡང་དེ་བཞིན་དུ་དོ་ཁུར་གནང་རྒྱུའི་རེ་བ་ཡོད། ལྷག་པར་དུ་མི་མངོན་རྐྱེན་ངན་འདི་རིགས་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད། ཐེངས་འདིའི་ཨར་སྐྲུན་ཕྱོགས་ཀྱི་རྣམ་འགྱུར་ཧ་ཅང་མི་བཟང་། ང་ཚོས་བསམ་འཆར་དང་རེ་བ་ལུགས་མཐུན་རེ་བཏོན་པ་ཡང་སྣང་མེད་དུ་བསྐྱུར་ཡོང་། གནས་ཚུལ་འདི་རིགས་འགོ་ཁྲིད་ཀྱིས་མཐོང་ཆེན་བྱ་དགོས་ས་ཡིན་ནམ་མ་ཡིན།

ཧྲིན་ཀྲང་གིས་ལན་དུ་བསྐུར་བ།

དྲ་དམངས་ལགས་ཁྱེད་བདེ་མོ། ཁྱེད་ཀྱིས་བསྐུར་བའི་གནད་དོན་ང་ཚོས་བརྟག་ཞིབ་བརྒྱུད་ལན་འདི་སྤྲད་པ་ཡིན། ཧུའེ་ཞིན་ཚོང་རའི་གམ་གྱི་མྱུར་ལམ་གྱི་འགྲོ་སྒོའི་འགྲམ་དང་། ཧུའེ་ཞིན་ཚོང་རའི་ཨར་སྐྲུན་གད་སྙིགས་གཙང་སེལ་གནོད་དོན་ལ་གཞིགས་ཏེ། ཟླ4ཚེས9ཉིན་གྱི་སྔ་དྲོར་མེ་འཁོར་འབབ་ཚིགས་ཀྱི་སྲང་ལམ་དོན་གཅོད་ཁང་གིས་ལམ་སང་མེ་འཁོར་འབབ་ཚིགས་དོན་གཅོད་ཁང་གི་ཁྲིམས་འཛིན་རུ་ཁག་འབྲིང་བ་མངག་ནས་ཡུལ་དངོས་ལ་ལྟ་ཞིབ་ཏུ་སོང་དུས། ཨར་སྐྲུན་ལས་ཁུངས་ཡུལ་དངོས་སུ་མི་འདུག་ལ། གད་སྙིགས་གཙང་བཟོ་བྱས་ཚར་འདུག ཁྱེད་ཀྱིས་བཏོན་པའི་གནས་ཚུལ་གཞན་དག་མེ་འཁོར་འབབ་ཚིགས་དོན་གཅོད་ཁང་ཁྲིམས་འཛིན་རུ་ཁག་འབྲིང་བས་ཧུའེ་ཞིན་ཚོང་རར་ཨར་སྐྲུན་གྱི་སྐབས་སུ་ཉེ་འཁོར་དུ་སྲུང་སྐྱོང་བྱེད་ཐབས་འདོན་དགོས་པའི་རེ་བ་བཏོན་པ་མ་ཟད། ཨར་སྐྲན་ལས་ཁུངས་ལ་ཆད་པ་བཅད་པ་རེད། དེ་དང་ཆབས་ཅིག ད་ནས་བཟུང་མེ་འཁོར་འབབ་ཚིགས་དོན་གཅོད་ཁང་གིས་ཧུའེ་ཞིན་ཚོང་རའི་ཉེ་འཁོར་ལ་ལྟ་རྟོག་བྱ་རྒྱུ་བྱས་ཡོད།

ཁོན་ཐར་འཚོས་བསྒྱུར།