དྲ་གྲོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་འཕྲིན46བསྐུར་བར་ལན་སྤྲད་པ་ལས་དང་པོ།

——རྩོམ་སྒྲིག་པའི་མཆན། 

ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་དྲ་གྲོགས་ཚོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་འཕྲིན46བསྐུར་བར་ལན་བརྒྱབ་པ་གཤམ་གསལ། 

དྲ་དམངས་ཀྱིས་ལན་འཕྲིན་འཇོག་དེབ་ཐོག 

སྲིད་གཞུང་གི་འགོ་གཙོ་ལིའུ་ཉིང་ལགས། སྐུ་ཁམས་བཟང་། ང་ནི་མཚོ་ཤར་གྲོང་ཁྱེར་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་མང་ཚོགས་དཀྱུས་མ་ཞིག་ཡིན། 2015ལོར་ང་དང་བཟའ་ཟླས་ལོ་མང་བསགས་པའི་དངུལ་ཀྱིས་ཧོར་གྲོང་རྫོང་ཁོང་ཧེང་ཤིན་ཀྲུང་དབྱང་ཐང་ཆེན་ནས་མི་ཚེའི་ཁྲོད་ཀྱི་ཁང་པ་དང་པོ་ཉོས་པ་ཡིན། ཡིན་ན་ཡང་ཁང་པ་རྩིས་སྤྲད་བྱས་མ་བྱུང་། ད་བར་ཁང་པ་དེའི་ཨར་ལས80%བར་བསྐྲུན་ཚར་ནས་ཟླ་བ་གཉིས་ནང་ལས་མཇུག་འགྲིལ་ཐུབ་པའི་ཚད་ལ་བསླེབས་ཡོད་མོད་ཁང་པ་བསྐྲུན་མཚམས་བཞག་འདུག འགོ་ཁྲིད་ཀྱིས་ང་ཚོ་ལ་བདག་པོ་གནང་རོགས། 

ཧྲིན་ཀྲང་གིས་ལན་དུ་བསྐུར་བ།

ཁྱེད་སྐུ་ཁམས་བཟང་། ཁྱེད་ཀྱིས་བཏོན་པའི་གནད་དོན་ང་ལ་འབྱོར་སོང་། ད་ནི་ཁྱེད་ཀྱིས་བཏོན་པའི་ཧེང་ཤིན་ཀྲུང་དབྱང་ཐང་ཆེན་ལས་གཞི་སྐོར་གྱི་གནད་དོན་ལ་གཤམ་ནས་གསལ་བཤད་ཅིག་བྱས་ན། གཅིག ཧེང་ཤིན་ཀྲུང་དབྱང་ཐང་ཆེན་ལས་གཞིའི་གཞི་རྩའི་གནས་ཚུལ་ལ་མཚོན་ན། ད་སྔ་དུས་ཐེངས་དང་པོའི་སྡོད་ཁང་470རྩིས་སྤྲོད་ཆ་རྐྱེན་ལོངས་ནས2018ལོའི་ཟླ6པར་གནས་སྡོད་འགྲོ་ལུགས་གཉེར་འགོ་ཚུགས་འདུག དུས་ཐེངས་གཉིས་པའི་སྡོད་ཁང923ལས85%ཡོངས་འགྲུབ་བྱས་ཡོད་ན་ཡང་། 2015ལོ་ནས་བཟུང་ལས་མཚམས་ཐེངས་དུ་མར་བཞག་ནས་ཧ་ལམ་ལོ་གསུམ་འགྱངས།

གཉིས། ད་ལྟ་ཧེང་ཤིན་ཀྲུང་དབྱང་ཐང་ཆེན་གྱི་ལས་གཞིར་བྱུང་བའི་གནད་དོན་ནི། (1)ཧེང་ཤིན་ཀྲུང་དབྱང་ཐང་ཆེན་གྱི་ལས་གཞི་དེ་ཁང་བདག་མང་ལ། ཁང་པ་རྩིས་སྤྲོད་ཀྱི་དུས་རིང་པོར་འགྱངས་པ། ཨར་ལས་ཁེ་ལས་ཀྱིས་ཞིང་པ་ཞོར་ལས་པའི་གླ་ཆ་འགྱངས་ཆད་བཅས་གནས་ཚུལ་ཚབས་ཆེ་བ་དང་། གསར་སྤེལ་བྱེད་མཁན་ཁེ་ལས་ཀྱིས་ཁང་བདག་གི་ཁྲིམས་མཐུན་ཁེ་དབང་དང་རྒྱ་ཆེའི་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པས། ཁང་པ་ཉོ་མཁན་ཁང་བདག་རྣམས་དང་ཞིང་པ་ཞོར་ལས་པ་རྣམས་ལ་མི་འདོད་པའི་སེམས་ཁྲལ་བསླངས་པ་དང་། རང་རེའི་རྫོང་གི་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་འདུག (2)ལས་ཀ་བསྐྱར་གསོའི་དཀའ་ངལ་སེལ་ཏེ། ཅི་མགྱོགས་གང་མགྱོགས་ཀྱིས་ཁང་པ་ཁང་བདག་རྣམས་ལ་རྩིས་སྤྲོད་དང་ཁང་བདག་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། རང་རྫོང་གི་སྤྱི་ཚོགས་བདེ་འཇགས་ཡོང་ཆེད་ལ། རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཧོར་གྲོང་རྫོང་ཁང་ས་བདག་ཁོངས་ཀྱི་ཐོག་ཁང་རྙིང་རུལ་ལས་གཞིའི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཧུའུ་ནན་དང་སི་ཁྲོན་སོགས་ས་ཆ་མང་པོར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་མངགས་པ་མ་ཟད། རྣམ་གྲངས་དེའི་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་མང་འཚོགས་ནས་རྣམ་གྲངས་དེ་བསྐྱར་སྒྲིག་བྱ་བ་གཏན་འཁེལ་བྱས།

གསུམ། བསྐྱར་སྒྲིག་གིས་ཐག་གཅོད་ཐུབ་པའི་གནད་དོན་ནི། 1. མ་རྩ་བརྡིབས་པ་བསྐྱར་སྒྲིག་བྱས་རྗེས་ཧྲུའུ་ཤིན་ཀུང་སིའི་རྒྱུ་ནོར་དང་འབྲེལ་བ་ཡོད་པའི་ལག་བསྟར་གོ་རིམ་ཚང་མ་མཚམས་བཅད་དེ། འབྲེལ་ཡོད་བྱ་ཐབས་མེད་པར་བཟོས་ན། ལས་གཞིའི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་གཏང་ཐུབ། 2. བཅའ་ཁྲིམས་ཀྱི་འགན་ལེན་འོག་ཁང་བདག་གི་སྒྲུབ་གཉེར་གཏའ་འཇོག་མ་དངུལ་དང་དེ་བཞིན་མ་དངུལ་འཇོག་མཁན་གྱི་ཡིད་ཆེས་ཆེ་རུ་ཕྱིན་ནས་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་དུས་ཐུང་ནང་གྲབས་གསོག་ཐུབ་པ་དང་། ལས་གཞི་འཛུགས་སྐྲུན་གང་མགྱོགས་ལེགས་འགྲུབ་ལ་ཕན་ཐོགས་ཡོད་པ་རེད། 3. ཧྲུའུ་ཤིན་ཀུང་སིའི་བུ་ལོན་རྩིས་ཐོར་བཅུག་ནས་སྐྱེད་ཀའི་མཚམས་བཞག་པ་དང་། ནོར་དོན་གྱི་མ་གནས་ཇེ་ཉུང་དུ་བཏང་ནས་ལས་གཞི་ཕན་འབྲས་ཇེ་ཆེར་གཏང་ཐུབ་པ་ཡིན།  4. རྣམ་གྲངས་ཀྱི་མཇུག་མ་རུལ་བ་བྱས་ནས་ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་ཐུབ། 5.བྱེད་ཐབས་དེ་ལས་གཞིའི་ཚོང་ལས་དུས་ཐོག་ཏུ་བཟང་ཕྱོགས་སུ་བསྒྱུར་ནས་ཁྲོམ་རའི་ཕན་འབྲས་ཇེ་ལེགས་སུ་འགྲོ་བར་ཕན་ཕྱིར། གཞི་རྩའི་ཆ་ནས་ཀུང་སི་དེའི་བུ་ལོན་ཡོངས་རྫོགས་གཙང་འཇལ་ཐུབ་པ་དང་། ཀུང་སིའི་གཉེར་སྐྱོང་སླར་གསོ་བྱེད་ཐུབ།
        བཞི། བསྐྱར་སྒྲིག་འཆར་གཞི། 1. རྫོང་སྲིད་གཞུང་གིས་གཙོ་ཁྲིད་འོག་ཧེང་ཤིན་ཀྲུང་དབྱང་ཐང་ཆེན་རྣམ་གྲངས་བསྐྱར་སྒྲིག་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ལ། དེས་བསྐྱར་སྒྲིག་ལས་དོན་གྱི་མཐུན་སྦྱོར་ལ་སྐུལ་མ་དང་ལྟ་སྐུལ་ལག་བསྟར་བྱ་བའི་་འགན་འཁུར་ཏེ། ཁང་པའི་ཕྱིར་ཚོང་མ་དངུལ་ཚང་མ་ལྟ་སྐུལ་དོ་དམ་གྱི་རྩིས་ཐོའི་ནང་བཅུག་པའི་གནས་ཚུལ་དང་། ཆེད་དོན་ལས་གཞི་འཛུགས་སྐྲུན་གནས་ཚུལ་བཅས་ལྟ་རྟོག་དོ་དམ་བྱས་ནས་དང་ལས་གཞི་སྔ་མོ་ནས་མཇུག་འགྲིལ་པར་སྐུལ་འདེད་གཏང་རྒྱུ་ཡིན། 
2.ལས་གཞི་དེ་བསྐྱར་སྒྲིག་བྱེད་དུས“རང་སྐྱོབ”རྣམ་པ་སྟེ། “བསྐྱར་སྒྲིག་དང་། གཙང་སེལ། ཨར་ལས། འཚོང་བ”བཅས་ལས་མཚམས་མ་བཅད་པའི་སྒོ་ནས་བསྐྱར་སྒྲིག་བྱ་ཆོག དུད་ཚང་གི་གཏའ་དངུལ་ལ་བརྟེན་ནས་ཨར་ལས་བྱ་བར་འདེགས་སྐྱོར་བྱེད་ཐུབ་པས་ཕྱི་ཕྱོགས་མ་དངུལ་གཏོང་འཇོག་གི་ལས་གཞི་ནང་འདྲེན་བྱེད་མི་དགོས་པར་བསྐྱར་སྒྲིག་གི་མ་གནས་ཇེ་ཉུང་གཏང་ཐུབ། 3.བསྐྱར་སྒྲིག་བྱས་རྗེས། བཅའ་ཁྲིམས་ཀྱི་གོ་རིམ་ལྟར་དོ་དམ་པ་དམིགས་སུ་བཟུང་སྟེ། ཀུང་སིའི་བུན་དབང་དང་བུ་ལོན་འགན་འཇལ་གཙང་སེལ་བྱས་ནས་བུན་དབང་མཁན་གྱི་ཚོགས་ཆེན་བསྡུ་རྒྱུ་དང་། ཚོགས་ཆེན་ཐོག་བསྐྱར་སྒྲིག་ཇུས་གཞི་ལ་མོས་མཐུན་བྱུང་བའི་ཆ་རྐྱེན་འོག ཨར་ལས་དང་། ཕྱིར་འཚོང་བྱས་ནས་བཟོ་སྐྲུན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་མི་ཐེབས་པ་བཟོ་རྒྱུ། 4. བསྐྱར་སྒྲིག་བྱས་རྗེས་ལས་གཞི་དེ་ཧུའུ་ནན་ཁའེ་ལེ་འཛུགས་སྐྲུན་ལས་གཞི་ཚད་ཡོད་ཀུང་སིས་ཨར་སྐྲུན་གྱི་འགན་འཁུར་རྒྱུ་ཡིན་ལ། གང་མགྱོགས་ཅི་མགྱོགས་ཀྱི་སྒོ་ནས་ཁང་པ་རྩིས་སྤྲོད་ཀྱི་ཆ་རྐྱེན་འཛོམས་པ་ཞིག་ལེགས་པར་བསྐྲུན་ཏེ། འགྲོ་ལུགས་ཁག་ནར་འགྱངས་མི་ཡོང་བར་འགན་ལེན་བྱ་ངེས།

ལྔ། ད་སྔ་བསྐྱར་སྒྲིག་གི་གནས་ཚུལ་ཡིན་ན། ཨར་ལས་བྱེད་མཁན་ཧུའུ་ནན་ཁའེ་ལེ་བཟོ་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་ཧོར་གྲོང་རྫོང་མི་དམངས་ཁྲིམས་ཁང་ལ་བསྐྱར་སྒྲིག་བྱ་རྒྱུའི་རེ་ཞུ་ཕུལ་བས། ད་ཆ་བསྐྱར་སྒྲིག་བྱེད་སྒང་ཡིན། 

ཁོན་ཐར་འཚོས་བསྒྱུར།