ཉེན་ཟོན་དྲིལ་བརྡ་མང་ཙམ་གྲག་ན་ད་གཟོད་ཉེན་ཁའི་དྲིལ་བརྡ་ཉུང་ཙམ་གཏོང་ཐུབ།

《 ཀྲུང་དབྱང་ཐད་གཏོགས་ཏང་འཛུགས་》ཀྱི་དཔྱད་གཏམ་པ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཉེན་བརྡ་སྟོན་པའི་སློབ་གསོ་ཚོགས་ཆེན་ཐོག་སྡེ་ཁག་སོ་སོའི་ཏང་སྲོལ་སྲིད་གཙང་སྐོར་གྱི་ཉེན་བརྡ་སྟོན་པའི་སློབ་གསོ་བྱེད་སྒོ་ལ་བཀོད་སྒྲིག་གནང་བ་རེད། ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ལེགས་པོ་བྱས་ཏེ། ཉེན་བརྡ་སྟོན་པའི་སློབ་གསོ་མུ་མཐུད་ནས་གཏིང་ཟབ་སར་འདྲེན་པ་དང་། ནུས་ཤུགས་ཆེན་པོས་གཞི་རྩ་ཁོང་ཆུད་དང་དངོས་ཕན་མཐོར་འདེགས་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་དང་ཕན་འབྲས་ཐོབ་དགོས།

གཞི་རྩ་ཁོང་ཆུད་བྱེད་དགོས་ན། སྒྲིག་འགལ་གྱོད་དོན་སྣ་ཚོགས་ཀྱི་སྣང་ཚུལ་བརྒྱུད་ནས་གནད་དོན་གྱི་འབྱུང་རྩ་འཚོལ་བ་དང་། ཉེན་བརྡ་སྟོན་པའི་སློབ་གསོའི་གཙོ་གནད་དམ་འཛིན་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་བྱུང་བའི་སྒྲིག་འགལ་གྱོད་དོན་ཐད་ནས་བལྟས་ན། གནད་དོན་ནི་རྣམ་པ་སྣ་ཚོགས་ཡིན་ན་ཡང་། ཚང་མ་ཆབ་སྲིད་ཐོག་ནས་འབྱུང་རྩ་འཚོལ་ཐུབ། ཚང་མ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་དད་མོས་བརྟན་པོ་མིན་པ་དང་། ཆབ་སྲིད་ཀྱི་གཏན་ཤུགས་མི་ཆེ་བ། ཆབ་སྲིད་ཀྱི་རིམས་འགོག་ནུས་ཤུགས་མི་འདང་བ་དང་འབྲེལ་བ་ཡོད་ལ། ལས་ཁུངས་དེའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་འཁྲི་མི་འདང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དམ་འཛིན་ནན་པོ་མིན་པ་དང་དྲང་པོ་མིན་པ་ལ་འབྲེལ་བ་ཡོད། ཉེན་བརྡ་སྟོན་པའི་སློབ་གསོ་ཡིས་གལ་ཏེ་རྩ་བའི་ཐོག་ནས་རྒྱུ་རྐྱེན་མཐོང་རྙེད་མི་ཐུབ་པ་དང་། ཆབ་སྲིད་ཐོག་ནས་དབྱེ་ཞིབ་དང་ཁོང་ཆུད་བྱས་མི་ཐུབ་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐོག་ཤུགས་སྣོན་རྒྱག་མི་ཐུབ་ན། གནད་དོན་གྱི་གཞི་རྩ་འཛིན་མི་ཐུབ་པ་མ་ཟད། ནད་ལ་བལྟས་ནས་སྨན་གཏོང་མི་ཐུབ་པ་དང་ཕྱི་ནང་གཉིས་བཅོས་བྱས་མི་ཐུབ།

དངོས་ཕན་མཐོར་འདེགས་གཏོང་དགོས་ན། ཉེན་བརྡ་སྟོན་པའི་སློབ་གསོ་དེ་གཟབ་བརླིང་གི་ཆབ་སྲིད་ལས་དོན་ཞིག་ཏུ་འཇོག་པ་དང་། གཏིང་ཟབ་ས་རུ་དམ་འཛིན་བྱེད་པ་དང་དོན་དངོས་སུ་དམ་འཛིན་བྱེད་དགོས། ཏང་ཡོན་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ནས་རང་ཉིད་ནང་དུ་འཇོག་དགོས་པ་ལས་མགྲོན་པོ་ཡིན་བསམ་མི་རུང་། བཀའ་སློབ་དེ་“གཏམ་རྒྱུད་”ལྟར་དུ་བཞག་ནས་ཉན་མི་རུང་ལ། གྱོད་དོན་དེ་“འཁྲབ་གཞུང་”ལྟར་དུ་བརྩིས་ནས་ལྟ་མི་རུང་། གཞན་གྱི་ཉམས་མྱོང་ལས་སློབ་གསོ་ཐོབ་དགོས་པ་དང་། རང་ཉིད་ཀྱི་མི་འདང་ས་འཚོལ་ནས་ཀླད་པའི་ནང་བསྐྱོད་པ་དང་སེམས་ནང་འགྲོ་བ། བླ་སྲོག་ཏུ་བརྒྱུད་ནས་ཉེན་བརྡ་སྟོན་པའི་སློབ་གསོ་དང་ལེན་བྱས་པའི་“ཡང་དག་པའི་རྣམ་འགྱུར་”རྒྱུན་འཁྱོངས་བྱེད་དགོས། སློབ་གསོའི་རྣམ་པ་དང་འདྲེན་བྱེད་གསར་གཏོད་བྱེད་དགོས་པ་དང་། སློབ་གསོ་བྱེད་ཡུལ་ཁྱད་པར་འབྱེད་པ་དང་རིགས་བཀར་ནས་སློབ་གསོ་བྱེད་དགོས། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་དོན་ལེགས་པོ་སྤྱོད་པ་དང་བདེ་པོ་སྤྱོད་དེ། ཉེན་བརྡ་སྟོན་པའི་སློབ་གསོའི་དམིགས་གཏད་རང་བཞིན་དང་འཇིགས་སྣང་སྐྱེད་ཤུགས་ཇེ་མཐོར་གཏོང་དགོས། ཉེན་བརྡ་སྟོན་པའི་སློབ་གསོ་དེ་དུས་རྒྱུན་དུ་འཛིན་པ་དང་རྒྱུན་ལྡན་དུ་བྱས་ནས་རྒྱུན་རྣམ་ཅན་དུ་ཆགས་པ་དང་། “ཉེན་བརྡ་སྟོན་པའི་སློབ་གསོ་རྒྱག་ཐེངས་ཤིག་གི་རྗེས་སུ་ལྷོད་ཡངས་བྱེད་པར་”སྔོན་འགོག་བྱས་ཏེ། ཉེན་ཟོན་གྱི་དྲིལ་བརྡ་དེ་ཡུན་རིང་དུ་གྲག་པ་དང་། ཉེན་འགོག་གི་རལ་གྲི་དེ་ཡུན་རིང་པོར་འཕྱར་ཏེ། ཏན་ཏན་ཏིག་ཏིག་སྒོས་ཉེན་བརྡ་སྟོན་པའི་སློབ་གསོ་དེ་ཏང་ཡོན་ལས་བྱེད་པའི་སྦྱོང་དགོས་ངེས་ཀྱི་སློབ་གསོ་རུ་འཛིན་དགོས།

ཉེན་བརྡ་སྟོན་པའི་སློབ་གསོ་དེ་སློབ་གསོའི་ཆེད་དུ་སློབ་གསོ་རྒྱག་མི་རུང་ལ། ཉེན་བརྡ་སྟོན་པའི་སློབ་གསོ་བརྒྱུད་ནས་ཉམས་མྱོང་སློབ་གསོ་ཕྱོགས་བསྡོམས་བྱེད་དགོས་པ་དང་། ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བཏང་སྟེ་ཉེན་བརྡ་སྟོན་པའི་སློབ་གསོའི་གྲུབ་འབྲས་ཆེས་ཆེར་ཡོང་བ་མངོན་འགྱུར་བྱེད་དགོས། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་འདུ་ཤེས་ཀྱི་རྨང་གཞི་འདི་དམ་པོ་འཛིན་ནས། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་རྒྱག་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་བརླིང་དུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ནས་ཆབ་སྲིད་ཐོག་ཧ་གོ་མཁན་དང་བདེན་པ་བདེན་ཐུབ་བྱས་ནས། ནམ་ཡང་གུང་ཁྲན་ཏང་མིའི་གཞུང་དྲང་སྲིད་གཙང་གི་ཆབ་སྲིད་ངོ་བོ་རྒྱུན་འཁྱོངས་བྱེད་དགོས། ལམ་ལུགས་འཛུགས་སྐྲུན་གྱི་གཞི་རྩ་འདི་ཁོང་ཆུད་དམ་པོ་བྱས་ནས་གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་པ་དང་། རིམ་པ་དང་གོ་གནས་དང་འགན་འཁྲི་དང་ཚན་པ་རེ་རེ་བཞིན་དུ་སྲིད་གཙང་གི་ཉེན་ཁ་ཡོད་ས་རྣམས་མེད་པར་བཟོས་པ་དང་། ལམ་ལུགས་ཀྱི་“གཟེབ་མ་”ཚགས་དམ་པོས་བཟོས་ཏེ། ལྟ་སྐུལ་མི་འདང་ས་དང་དོ་དམ་མི་འདང་ས་མེད་པར་གཏོང་དགོས། འགན་འཁྲི་དོན་འཁྱོལ་གྱི་ཤུགས་རྒྱག་ས་འདི་དམ་འཛིན་བྱས་ནས། འགན་འཁྲི་གསལ་པོ་དང་འགན་འཁྲི་ལག་བསྟར། འགན་འཁྲི་ལྟ་སྐུལ་དང་འགན་འཁྲི་འཁུར་རྒྱུ་རྣམས་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བའི་སྒྲོག་གུ་དམ་པོ་བཅིངས་ནས་རུལ་སུངས་སྔོན་འགོག་བྱེད་པའི་“སྲུང་རགས་”དམ་པོ་བརྩིག་དགོས།

ཉེན་ཟོན་གྱི་དྲིལ་བརྡ་མང་ཙམ་གྲག་ན་ད་གཟོད་ཉེན་ཁའི་དྲིལ་བརྡ་ཉུང་ཙམ་གཏོང་ཐུབ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མུ་མཐུད་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐལ་ཆེའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཉེན་བརྡ་སྟོན་པའི་སློབ་གསོའི་འཇིགས་སྣང་དང་དྲན་གསལ། གོ་རྟོགས་སད་པའི་ནུས་པ་གང་ལེགས་མངོན་ཡོད། ཏན་ཏན་ཏིག་ཏིག་སྒོས་ཉེན་ཟོན་གྱི་དྲིལ་བརྡ་ཡུན་རིང་དུ་གྲག་པ་དང་། ནམ་ཡང་ལམ་ཐོག་ལ་ཡོད་པའི་བརྩོན་སེམས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་དེ་གཏིང་སར་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཀྱིས་ཡིད་ཚིམ་པའི་དཔེ་མཚོན་ལས་ཁུངས་འཛུགས་སྐྲུན་བྱེད་དགོས།

བློ་བཟང་ལྷ་མོས་བསྒྱུར།