སྐམས་ཤ་དང་ལུག་ཤའི་རིན་གོང་འཕར་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཚུན་ལ། མཚོ་སྔོན་གྱི་སྐམས་ལུག་ཤའི་རིན་གོང་བསྟུད་མར་ཇེ་མཐོར་ཕྱིན། རྒྱལ་ཡོངས་ནས་ཁོར་ཡུག་གི་ཤུགས་རྐྱེན་དང་གཟན་རྩྭའི་རིན་གོང་ཇེ་མཐོ། གསོ་སྤེལ་གྱི་མ་རྩ་ཇེ་མཐོར་སོང་བ་སོགས་ཀྱི་རྐྱེན་གྱིས་ལུག་ཤའི་རིན་གོང་འཕར་ཚད་ཅུང་མགྱོགས་ཤིང་། གསོ་སྤེལ་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་བ་རེད།

གཅིག ཐོན་སྐྱེད་གནས་ཚུལ།

2019ལོའི་ཚུན་ལ། ཕག་ཤའི་མཁོ་འདོན་ཚད་མི་འདང་བས་སྐམས་ལུག་ཤ་ཚབ་བྱེད་དུ་སོང་ཞིང་། ནོར་ལུག་གི་གསོ་སྤེལ་དུས་ཡུན་རིང་ལ་དུས་ཚོད་ཐུང་ངུ་ཞིག་གི་ནང་གཞི་རྒྱ་ཆེ་བའི་ཐོན་སྐྱེད་བྱ་མི་ཐུབ་པ་རེད།

གཉིས། རིན་གོང་གི་གནས་ཚུལ།

2019ལོར། རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཁོར་སྲུང་བཅོས་སྒྲིག་བྱེད་ཚད་ཆེ་རུ་བཏང་ནས། ས་ཁུལ་ཁག་གཅིག་ཏུ་ཕྱུགས་རིགས་བཀག་འགོག་དང་ཚོད་འཛིན། ཇེ་ཉུང་དུ་གཏང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྤྱང་ཀིའི་གནོད་འཚེ་ཐེབས་ཚད་ཇེ་མང་ལ་སོང་བ་དེས། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ལྷག་པར་དུ་ལུག་འཚོ་སྐྱོང་གི་གཞི་རྒྱ་མུ་མཐུད་དུ་མར་ཆག་པས་སྐམས་ལུག་ཤའི་རིན་གོང་ཇེ་མཐོར་སོང་བ་རེད།

ཟླ་དང་པོ་ནས་བརྒྱད་པའི་བར་དུ་ཞིང་ཆེན་ཡོངས་ཀྱི་སྐམས་ལུག་ཤའི་རིན་གོང་རྒྱ་མ་གང་རེར་སྒོར32.02ནས32.52བར་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན9.96%ནས7.11%གི་དམའ་ཞིང་། ཀན་སུའུ་ལས6.97%ནས0.49%ཡིས་དམའ། ཧྲན་ཞིས་ལས3.81%ནས2.49%ཡིས་དམའ། ཉིང་ཞ་ལས2.96%ནས4.9%ཡིས་མཐོ་ཞིང་། ཤིན་ཅིང་ལས4.16%ནས1.25%ཡིས་དམའ་བ་རེད།

ལོ་སར་སྐབས་སུ་འཛད་སྤྱོད་ཚད་ཅུང་མང་བས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་ཟླ1ཚེས29—ཟླ2པའི་ཚེས4ཉིན། ཟླ2པའི་ཚེས12—ཟླ2པའི་ཚེས28ཉིན། ཟླ3པའི་ཚེས6—ཟླ3པའི་ཚེས31ཉིན་ལ་གྲོང་ཁྱེར་ཡོངས་ཀྱི་བཤས་ར་ཁེ་ལས3གྱི་ཐད་གཉེར་ཚོང་ཁང74ལ་སྐམས་ལུག་ཤའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཏེ། སྐམས་ལུག་ཤ་རྒྱ་མ་གང་རེར་ཁྲོམ་ར་ནས་སིལ་འཚོང་གི་རིན་གོང་སྒོར31ནས32ལས་མཐོ་མི་རུང་བ་གཏན་འཁེལ་བྱས། ཟླ3པར། ཁ་གསབ་སྲིད་ཇུས་མཇུག་སྒྲིལ་རྗེས་སྐམས་ལུག་ཤའི་རིན་གོང་ཇེ་མཐོར་སོང་བ་མ་ཟད། ལུག་ཤའི་རིན་གོང་སྐམས་ཤ་ལས་ཀྱང་ཇེ་མཐོར་སོང་བ་རེད།

གསུམ། རྗེས་ཀྱི་ཁ་ཕྱོགས་ཀྱི་ཚོད་དཔག་དང་ཐབས་འདོན།

སྐམས་ལུག་ཤའི་ནང་འདྲེན་ཚད་བརྟན་བརླིང་གིས་ཇེ་མང་དུ་སོང་སྟེ་ཚད་ངེས་ཅན་ཞིག་གི་སྟེང་རྒྱལ་ནང་གི་ཁྲོམ་རའི་མཁོ་འདོན་ཚད་ཐག་གཅོད་བྱེད་ཐུབ་པ་བྱུང་ནའང་། འཛད་སྤྱོད་མཁན་གྱི་མཁོ་འདོན་ཚད་ལ་དུས་ཚིགས་འགྱུར་ལྡོག་གི་ཁྱད་ཆོས་ལྡན་པས། སྔོན་དཔག་ལྟར་ན། 2020ལོའི་དུས་ཚིགས་དང་པོའི་བར་དུ་མཚོ་སྔོན་གྱི་སྐམས་ལུག་ཤའི་རིན་གོང་སྤྱིའི་ཆ་ནས་མུ་མཐུད་དུ་ཇེ་མཐོར་འགྲོ་རྒྱུ་རེད།

བསམ་འཆར།

1.ཧུར་བསྐྱེད་སྒོས་སྒྲིག་གཞི་ལེགས་སྒྲིག་བྱ་དགོས།

2.སྐམས་ལུག་ཤ་གསར་པར་སྲིད་གཞུང་གིས་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་དགོས།

3.ཐོན་སྐྱེད་ཚོང་འབྲེལ་མཐུན་སྦྱོར་ལ་ཤུགས་སྣོན་དང་ཁྲོམ་རའི་རིན་གོང་བརྟན་རླིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།