ནུབ་བྱང་མངའ་ཁོངས་ཀྱི་གནམ་གཤིས་ལྟེ་གནས་བྱ་བའི་གྲོས་ཚོགས་གཏེར་ལེན་ཁ་རུ་བསྡུས་པ།

ཟླ8ཚེས26ཉིན། ནུབ་བྱང་མངའ་ཁོངས་ཀྱི་གནམ་གཤིས་ལྟེ་གནས་བྱ་བའི་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཏེར་ལེན་ཁ་རུ་བསྡུས་ཤིང་། ཞིན་ཅང་དང་ཧྲའན་ཞི། ཀན་སུའུ། ཉིང་ཞ། མཚོ་སྔོན་གྱི་ནུབ་བྱང་བཅས་ཞིང་ཆེན་ལྔ་ཡི་ས་ཁུལ་སོ་སོའི་གནམ་གཤིས་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ་དག་གྲོས་ཚོགས་ལ་ཞུགས་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱིས“གནམ་གཤིས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དབུལ་སྐྱོར་མཁྲེགས་གཏོར། ཞིང་སྡེའི་དར་རྒྱས་འཐབ་ཇུས་བཅས་ལ་རོགས་འདེགས་བྱེད་པ”སོགས་བརྗོད་དོན་དུ་བཟུང་ནས། 2018ལོའི་ནུབ་བྱང་མངའ་ཁོངས་ཀྱི་གནམ་གཤིས་ལྟེ་གནས་ཀྱི་བྱ་བ་གཙོ་བོར་ཕྱིར་ལྟ་དང་ཕྱོགས་སྡོམ་བྱས་ཏེ། ནུབ་བྱང་མངའ་ཁོངས་ཀྱི་གནམ་གཤིས་ལྟེ་གནས་ཀྱི་གཞུག་ཕྱོགས་ཀྱི་བྱ་བ་གཙོ་བོ་ཡང་གཏན་ཁེལ་བྱས།

དེ་མིན་མངའ་ཁོངས་སོ་སོའི་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཚམ་པའི་གནམ་གཤིས་ཐད་ཀྱི་འགན་སྲུང་ནུས་པ་འཛུགས་སྐྲུན་བྱེད་རྒྱུའི་ཐད་ལ་བླང་བྱ་བཏོན་ནས། གནམ་གཤིས་བྱ་བ་དེས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་འགན་སྲུང་བྱེད་ནུས་འཐུས་ཚང་དུ་བཏང་ཡོད་ལ། སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་དཔྱད་འཇོག་དང་གནམ་གཤིས་སྔོན་དཔག་ཉེན་བརྡའི་ཞབས་ཞུའི་ནུས་པ། རྒྱལ་ཡོངས་དང་ཞིང་ཆེན་མཉམ་འབྲེལ་གསར་འཛུགས་བྱེད་པ། མངའ་ཁོངས་ཀྱི་གྲོས་མཐུན་བྱ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནམ་གཤིས་འགན་སྲུང་ཞབས་ཞུའི་སྒྲིག་གཞི་བཅས་ཀྱིས་གནམ་གཤིས་རོགས་འདེགས་དབུལ་སྐྱོར་མཁྲེགས་གཏོར་སྒྲིག་གཞི་བཙུགས་ནས། ཏན་ཏིག་སྒོས་གནམ་གཤིས་རོགས་འདེགས་དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་སྡེའི་དར་རྒྱས་གཏོང་བའི་རིམ་པ་སོ་སོའི་བྱ་བ་ལེགས་པོར་སྒྲུབ། དབུལ་ཕོངས་ས་ཁུལ་དུ་དམངས་ཡོངས་ལ་ཁེབས་པར་སྐུལ་འདེད་བྱེད་པ་དང་སྤྱིར་བཏང་གི་མི་དམངས་ལ་ཕན་ཁེ་མཉམ་སྤྱོད་བྱེད་པ། མཁར་གྲོང་ངོ་བོ་གཅིག་ཅན་གྱི་གཞི་རྩའི་སྤྱི་གཞུང་གནམ་གཤིས་ཞབས་ཞུའི་ནུས་པ་འཛུགས་སྐྲུན་གྱི་གོང་འོག་བར་ལ་ཤུགས་བསྣན་ནས། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་འཕྲི་དང་མཛེས་སྡུག་གི་ཞིང་སྡེའི་འཛུགས་སྐྲུན་ཐད་ལ་ནུས་པ་འདོན་སྤེལ་བྱེད་པ། དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་ཡར་རྒྱས་ཐད་ལ་ནུས་པ་འདོན་པ། དབུལ་སྐྱོར་སྤྱི་བའི་ལས་གནས་ཀྱི་འཛུགས་སྐྲུན་ཐད་ལ་ནུས་པ་འདོན་པ། དབུལ་ཕོངས་ཀྱི་འཛད་སྤྱོད་ཐད་ལ་ནུས་པ་བཅས་འདོན་པ་དང་། དེ་དང་ཆབས་ཅིག་ཞིང་ཆེན་ལྔ་ཡི་ས་ཁུལ་འཐུས་ཚབ་ཀྱིས་གནམ་གཤིས་རོགས་འདེགས་ཀྱིས་སྐྱེ་ཁམས་དཔལ་ཤེས་འཛུགས་སྐྲུན་དང་དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་སྡེའི་དར་རྒྱས་འཐབ་ཇུས་སོགས་བརྗོད་དོན་དུ་བཟུང་སྟེ་བསམ་བློ་བརྗེ་རེས་བྱས་ནས། མངའ་ཁོངས་སོ་སོའི་འཐུས་ཚབ་པ་དག་གིས་མངའ་ཁོངས་ཀྱི་ཚན་རྩལ་རོགས་སྒྲུབ་དང་གསར་གཏོད་འོག མངའ་ཁོངས་གང་དེའི་ཤེས་ལྡན་མི་སྣ་སྐྱེད་བསྲིངས་སོགས་ཀྱི་ཐད་ལ་གྲོས་མཐུན་བཞག་ནས་ནུབ་བྱང་ས་ཁུལ་གྱི་གནམ་གཤིས་འཕེལ་རྒྱས་བྱ་བ་ཇེ་མགྱོགས་སུ་བཏང་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།