ཞིང་སྡེའི་དབུལ་ཕོངས་མི་འབོར་གྱི་ཚབས་ཆེའི་ནད་རིགས30ཆེད་དམིགས་སྨན་བཅོས་ཁྲོད་འཕར་སྣོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ལམ་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བའི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་ལྟར། ནད་རིགས་ཚབས་ཆེན23ལ་སྨན་བཅོས་བྱེད་པའི་རྨང་གཞིའི་སྟེང་། 2019ལོར་རྒྱལ་ཁབ་ཀྱིས་གློ་གཅོང་གི་ནད་དང་ཀླད་པའི་ནད། དལ་བའི་རང་བཞིན་གྱི་གློ་བའི་དབུགས་འཚང་ནད། ཨེ་ཙིའི་ནད་ལས་འགོས་ཁྱབ་བྱུང་བའི་ནད་རིགས4དང་རང་ཞིང་གིས་གསར་སྣོན་བྱས་པའི་མཆིན་པ་སྲ་འགྱུར་དང་མཆིན་པའི་གཉེན་ཚད། དྲེག་གྲུམ་རིགས་ཀྱི་རིས་ཚིགས་གཉན་ཚད་བཅས་རིམས་ནད3གསར་སྣོན་བྱས་ཏེ་མྱུར་སྐྱོབས་བྱེད་བཞིན་ཡོད། དེའི་རྐྱེན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ཞིང་སྡེའི་དབུལ་ཕོངས་མི་སྣ་དག་ལ་ཆེད་དུ་སྨན་བཅོས་བྱེད་པའི་རིམས་ནད་རིགས30གསར་སྣོན་བྱུང་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཞིང་སྡེའི་དབུལ་ཕོངས་མི་གྲངས་ཀྱི་ནད་པ་ཚབས་ཆེན་ལ་ཆེད་དོན་མྱུར་སྐྱོབས་བྱེད་པ་ལག་བསྟར་དངོས་འབེབས་བྱས་ཤིང་། དེ་ནི་བདེ་ཐང་དབུལ་སྐྱོར་བྱ་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས། དབུལ་ཕོངས་ནད་པའི་སྨན་རིན་གྱི་ཁུར་བོ་ཇེ་ཡང་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་མཐོར་འདེགས་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ད་ལྟའི་བར་གྲོང་ཁྱེར་ཡོངས་ལ་ཚབས་ཆེའི་ནད་རིགས30ཕོགས་པའི་ནད་པ་མི་གྲངས3577ཡོད་ཅིང་མི་གྲངས3568ལ་མྱུར་སྐྱོབས་བྱས་ཏེ། མྱུར་སྐྱོབས་བྱེད་པའི་ཚད་གཞི་ཡིས99.75%ཟིན་པ་རེད།

ཐེངས་འདིའི་ཚབས་ཆེའི་ནད་རིགས30ཡི་གཏན་ཁེལ་སྨན་ཁང་ནི་སོ་སོར་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཚན་ཁག་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་བཞི་བ། མཚོ་ཤར་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོ། དེ་མིན་ཆ་རྐྱེན་ལྡན་པའི་རྫོང་དང་ས་ཁུལ་གྱི་མི་དམངས་སྨན་ཁང་བཅས་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། “རྒྱལ་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་རྣམ་པའི་བདག་དོམ་མ་ལག”ཁྲོད་གྲོང་ཁྱེར་ཧྲིལ་བོར་རིམས་ནད་ཚབས་ཆེན7དང་འཚམ་པའི་མྱུར་སྐྱོབས་ཆ་རྐྱེན་ཅན་གྱི་ཞིང་སྡེའི་དབུལ་ཕོངས་ནད་པ་ཁྱོན་བསྡོམས་མི་གྲངས2740ཡོད་ལ། ད་ལྟ་མི་གྲངས2732ལ་མྱུར་སྐྱོབས་བྱས་ཟིན། མྱུར་སྐྱོབས་ཚད་གཞིས99.70%ཟིན་ཡོད་པ་རེད། རྫོང་དང་ས་ཁུལ་སོ་སོའི་གཏན་ཁེལ་བྱས་པའི་སྨན་ཁང་དག་གིས་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་རེ་འདུན་གཞིར་བཟུང་སྟེ། མུ་མཐུད་དུ་ནད་རིགས་འདྲ་མིན་འདེམས་དཔྱད་དང་ཐོ་འགོད་བྱེད་པ། གཅིག་བསྡུས་ཀྱིས་མྱུར་སྐྱོབས་བྱ་བ་སྒྲུབ་པ་བཅས་ཀྱིས་ནད་རིགས་ཚབས་ཆེན་རིགས30ཡི་མྱུར་སྐྱོབས་མངོན་འགྱུར་བྱས་ནས་དབུལ་ཕོངས་མི་གྲངས་ཧྲིལ་བོར་ཁེབས་སུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།