མདོ་དབུས་མཐོ་སྒང་གི་སྐབས་གཉིས་པའི་བྲང་གཟེར་སྐོར་གྱི་གྲོས་ཚོགས་དང་རིམ་བསྟར་རིག་གཞུང་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8ཚེས23ཉིན། མཚོ་སྔོན་ཞིང་ཆེན་གསོ་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་རྒྱ་གྲམ་དམར་པོའི་འགན་སྒྲུབ་བྱས་པའི་སྐབས་གཉིས་པའི་མདོ་དབུས་མཐོ་སྒང་ས་ཁུལ་གྱི་བྲང་གཟེར་སྐོར་གྱི་གྲོས་ཚོགས་དང་སྐབས་དང་པོའི་མདོ་དབུས་ས་ཁུལ་གྱི་སྙིང་ནུས་ཞན་འགྱུར་ཅན་གྱི་མྱུར་སྐྱོབ་རིག་གཞུང་ཞིབ་འཇུག་དཔྱད་སྡུར་ལྷན་ཚོགས། སྐབས་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོའི་གསོ་རིག་སྐུལ་འདེད་ལྷན་ཚོགས་ཀྱི་སྙིང་ནད་ཚབས་ཆེན་གྱི་རིག་གཞུང་ཞིབ་འཇུག་དཔྱད་སྡུར་གྲོས་ཚོགས། མཐོ་སྒང་ས་ཁུལ་གྱི་མཐོ་རིམ་ཚེ་སྲོག་ལ་རྒྱབ་སྐྱོར་ཐོབ་པའི་སློབ་སྦྱོང་འཛིན་གྲྭ་བཅས་རིམ་པ5ཡི་རིམ་བསྟར་རིག་གཞུང་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ་རེད། རྒྱལ་ཡོངས་དང་དེ་མིན་ཞིང་ཆེན་ཕྱི་ནང་གི་མིང་གྲགས་ཆེ་བའི་ཆེད་མཁས་པ་སོགས་གནའ་མཁར་ཟི་ལིང་དུ་འཛོམས་ནས། མདོ་དབུས་མཐོ་སྒང་གི་སྙིང་གི་ཁྲག་རྩའི་གསོ་རིག་བྱ་གཞག་འཕེལ་རྒྱས་ལ“རྩ་བརྟག”སྒོས། མཐོ་སྒང་གི་མིའི་སྙིང་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ། གསོ་རིག་ཁྱབ་ཁོངས་ཀྱིས་མི་དམངས་ཀྱི་བདེ་ཐང་ཞབས་ཞུའི་ཐོག་མའི་སེམས་འདུན་དེ་མངོན་པར་མཚོན་འདུག


མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་འགོ་བ་ཞུས་པའོ་ཡིས་བཤད་རྒྱུར། ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་སྔ་གཞུག་ཏུ་བྲང་གཟེར་སྒྲིག་སྲོལ་ཅན་གྱི་མྱུར་སྐྱོབས་རིག་གཞུང་བསམ་བློ་བརྗེ་རེས་ཀྱི་གྲོས་ཚོགས་ཐེངས་དྲུག་ལ་སྤེལ་ཅིང་། མདོ་དབུས་མཐོ་སྒང་ས་ཁུལ་གྱི་ཁྲག་ཤེད་མཐོ་བ་དང་སྙིང་རྩ་འགག་པ། རྩ་མདུད། གློ་བའི་དབུགས་འཚང་སོགས་ཀྱི་བྲང་གཟེར་ནད་རྟགས་དེ་གཙོ་བོར་བཟུང་ཞིང་། རིམས་ནད་དེ་རིགས་བྱུང་བའི་ཚད་གཞི་ནི་ཐང་གཞོང་ས་ཁུལ་ལས་མཐོ་ལ། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས2012ལོར་མ་དངུལ་བསྡུ་རུབ་བྱས་ནས་སྙིང་རྩ་འགག་པའི་ལྷད་མེད་རྒྱུ་ལམ་གསར་སྐྲུན་བྱས། དེར་མ་ཟད2016ལོའི་ཟླ9པར་སྨན་ཁང་གི་བྲང་གཟེར་ལྟེ་གནས་དངོས་སུ་གསར་འཛུགས་བྱས་ཤིང་། 2017ལོར་རྒྱལ་ཁབ་རིམ་པའི་ངོས་འཛིན་ཐོབ་པ་མ་ཟད། རང་ཞིང་གི་ངོས་འཛིན་ཐོབ་པའི་ལས་ཁུངས་ཐོག་མ་རུ་གྱུར། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་སྨན་ཁང་བཙུགས་ནས་ལོ་འཁོར70ལོན་པ་དང་རྒྱ་གྲམ་དམར་པོའི་མིང་བླངས་ནས་ལོ་འཁོར30འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུ་ཆེད། ཐེངས་འདིའི་རིམ་བསྟར་རིག་གཞུང་བྱ་འགུལ་དེ་སྤེལ་བ་དང་དེའི་དགོངས་དོན་ནི་རྒྱ་གྲམ་དམར་པོའི་སྨན་ཁང་གི་ལོ་ངོ70ཡི་འོད་སྣང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་མངོན་ཞིང་། དེར་མ་ཟད་རིག་གཞུང་མང་པོ་མཉམ་བསྲེས་འགན་སྒྲུབ་གྱིས་མཐོ་སྒང་གི་གསོ་རིག་མཁའ་དབུགས་དེ་སྔར་ལས་སྤྲོ་སེམས་འཁོརལ་བའི་རིག་གཞུང་གི་མཁའ་དབུགས་ཅན་ལ་བསྒྱུར་ནས། རང་ཞིང་གི་གསོ་རིག་བྱ་གཞག་དེ་སྔར་ལས་འཕེལ་རྒྱས་དང་སྔར་ལས་འཕེལ་རྒྱས་ཀྱི་བར་སྟོང་ལ་གོམ་ཁ་བསྒྱུར་བར་རོགས་འདེགས་བྱས་ཡོད་ཟེར།

པེ་ཅིན་སློབ་ཆེན་གྱི་སྨན་ཁང་དང་པོ་ཡ་ཐའེ་སྙིང་ནད་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧའོ་ཡོན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གྱིས་བྲང་གཟེར་ལྟེ་གནས་གསར་འཛུགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་བྲང་གཟེར་ལྟེ་གནས་འཛུགས་སྐྲུན་གྱི་ངོ་བོ་གཅིག་ཅན་གྱི་ཚད་ལྡན་དེའི་ཐད་བྲང་གཟེར་ལྟེ་གནས་འཛུགས་སྐྲུན་དེ་ཇི་ལྟར་རྒྱུན་བསྲིངས་དང་། དེ་ཡང་མྱུར་སྐྱོབས་ནས་སྔོན་འགོག་རྒྱུན་བསྲིངས་བྱེད་པ་བཅས་ལ་སྐུལ་འདེད་ཀྱི་བྱེད་ནུས་སུ་ཐོན་ལ། རིམ་བསྟར་རིག་གཞུང་བྱ་འགུལ་གྱིས་སྔར་ལས་གོམ་གང་མདུན་སྤོས་སྒོས་སྨན་ཁང་གི་སྲོག་ཉེན་ཆེ་བའི་ནད་པ་ཚབས་ཆེན་མྱུར་སྐྱོབ་དང་བདེ་ཐང་ལ་འགེབས་སྲུང་བྱས་ནས། བདེ་ཐང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏང་རྒྱུ་དང་། དེའི་མི་ཚད་རྗེས་ཕྱོགས་ཀྱི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཐད་ལ་ཡང་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད་ཅེས་ཟེར།།

མིག་སྔར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་བྲང་གཟེར་ལྟེ་གནས་ཀྱིས་སྨན་ཁང་སྲོག་ཤིང་དུ་བཟུང་ནས་ཆེས་ཐོག་མར་ཞིང་ཆེན་ཧྲིལ་བོ་དང་དེའི་ཉེ་འཁོར་གྱི་མངའ་ཁོངས་སུ་ཁྱབ་པའི་གྲོས་མཐུན་མྱུར་སྐྱོབས་ཀྱི་བྲང་གཟེར་དྲ་རྒྱ་བཙུགས་ཡོད་པ་རེད། དེར་མ་ཟད་སྨན་ཁང་ཕན་ཚུན་བར་ལ་འབྲེལ་འདྲིས་བྱེད་པའི་དྲ་རྒྱའི་སྟེགས་བུ་དང་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་བཙུགས་ནས། ཞིང་ཆེན་ནང་ཁུལ་གྱི་བྲང་གཟེར་ནད་པའི་རྒྱང་སྒྱུར་མྱུར་སྐྱོབས་རོགས་སྒྲུབ་དང་སྨན་ཁང་ནང་ཁུལ་གྱི་མྱུར་སྐྱོབས་ཀྱི་མི་འདང་སར་ཁ་གསབ་བྱས་པ་རེད། སྨན་ཁང་གིས་སྙིང་ཁམས་ཁྲག་རྩའི་རིམས་ནད་སྨན་བཅོས་ཐད་ལ་སྒྲིག་སྲོལ་ཅན་གྱི་འཛུགས་སྐྲུན་དང་བདག་དོམ་བྱས་ཏེ། ཁྱབ་ཁོངས་གང་རུང་གི་ནང་དུ་ཐུན་མོང་གི་འཕེལ་རྒྱས་ཐད་ལ་མདུན་ལྗོངས་ལེགས་པོ་ཞིག་བསྐྲུན་ཡོད་པ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།