མཚོ་སྔོན་པོ་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་རྟིང་རྩོད་འགྲན་སྡུར་མདའ་བཞིའི་གསེར་དངུལ་རྩྭ་ཐང་ནས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། བཀྲ་ཤིས་ཀུན་འགྲིག་གི་ཉི་གཞོན་དང་པོར་འཛུམ་གྱིས་གྲོལ་ཞིང་། རྟེན་འབྲེལ་ལེགས་ཚོགས་ཀྱི་སེར་ཆེན་མེ་ཏོག་བརྩེ་བས་བཞད་པའི་ཟླ་བརྒྱད་པའི་གསེར་དངུལ་རྩྭ་ཐང་ནས། ལྷག་བསམ་ཉི་མའི་འོད་སྣང་ཕྱོགས་བཞིར་འཕྲོས་ཤིང་མཛའ་བརྩེ་སྤྲིན་པ་དཀར་པོ་གཅིག་ཏུ་འདྲེས་པའི་མང་ཚོགས་ཁྲི་སྟོང་གི་དགའ་འབོད་དང་རྟ་མཆོག་གང་བཟང་གི་འཚེར་སྐད་ཁྲོད་ནས་ལས་ཀྱི་སྨོན་འདུན་ལ་གསེར་གྱི་ན་རོ་བྲིས་པའི་གཏམ་རྒྱུད་འཁྲུངས་ཤིང་། མཐུན་པའི་ལག་གདང་ལ་དངུལ་གྱི་རྟགས་མ་སྤྲད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་སྐྲུན་ཏེ། ཟླ8པའི་ཚེས26ཉིན། མཚོ་སྔོན་པོ་རྟ་རྒྱུག་འགྲན་ཚོགས་སྐབས་དང་བོའི་རྟིང་རྩོད་འགྲན་སྡུར་མདོ་སྨད་ས་ཡི་ལྟེ་བ་མདའ་བཞིའི་གསེར་དངུལ་རྩྭ་ཐང་གི་ནུབ་མཚོ་ལུས་རྩལ་ར་བ་ནས་གཟབ་རྒྱང་ངང་སྤེལ་བྱུང་།

དྲན་ཤེས་ཀྱི་སྤྲིན་པ་དཀར་པོའི་ལྡིང་ཁང་ན་རྟེན་འབྲེལ་གྱི་སྦྲང་ཆར་བསིལ་མ་ཟམ་ཟིམ་འབབ་ཅིང་། མཛེས་སྡུག་གི་གསེར་དངུལ་རྩྭ་ཐང་ཆེན་མོ་ནས། རྟ་མཆོག་གི་བང་རྩལ་སྐྱི་བསེར་རླུང་ལ་འགྲན་བཞིན་རྣམ་དཔྱོད་ཀྱི་ཉ་མོ་རླབས་སུ་འཕྱོ་འདྲའི་སྐུ་མགྲོན་གྱི་དགའ་འབོད་དང་སྟངས་སྟབས་ཀྱི་རྒོད་པོའི་གཤོག་འགྱུར་ངོམ་འདྲའི་རྟ་བ་ཚོའི་སྐྱ་རྩལ་ཁྲོད་ནས། ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞི་མུ་མཐའ་བྲལ་བའི་མདའ་བཞིའི་གསེར་དངུལ་རྩྭ་ཐང་ནས་སྟག་ཤ་རའི་བརྩེ་བ་རྟ་ལ་འཁོར་ཞིང་རྟ་འདོ་བའི་རྨིག་སྣེ་རླུང་ལ་འགྲན་ཏེ། མཐའ་མཇུག་གི་རྒྱལ་ཁ་གདོང་གིས་བསུ་དུས། སྨི1000ཅན་གྱི་སྐྱེས་མའི་གོམ་རྟའི་འགྲན་སྡུར་ཁྲོད་རྐང་ཚ་རྫོང་གི་རྡོ་རྗེ་ཟླ་བའི་རྟ་མཆོག་གིས་འགྲོ་གོམ་པའི་ལེན་ཕྱོགས་མ་འཆོལ་ཞིང་རྐང་རྨིག་བཞིའི་རྨིག་རྩལ་མ་ལྷོད་པར་བྱ་དགའ་ཨང་དང་བོ་བླངས་པ་དང་། རྐང་ཚ་རྫོང་གི་ཀླུ་ཐར་རྒྱལ་གྱི་རྟ་མཆོག་གིས་ཨང་གཉིས་པ་དང་། མདའ་བཞི་མཐོན་པོ་སྡེ་བའི་ཚེ་བརྟན་གྱི་རྟ་མཆོག་གིས་ཨང་གསུམ་པ་བླངས།

དེ་བཞིན་སྨི5000ཅན་གྱི་ཆེད་ལས་ཚོ་ཆུང་གི་འགྲན་སྡུར་དེ་ལ་ཀུན་གྱིས་དོ་སྣང་དང་དགའ་བསུའི་ཐལ་མོའི་ཁྲོད་ནས་རྟ་ཆེན་གྱི་བང་མྱུར་བར་ནས་བྱ་རྒོད་པོ་ཡིན་ཡང་འཕུར་ལམ་གཅོད་ཅིང་རྩལ་ཆེན་གྱི་སྐྱ་རྩལ་ངོམ་ན་བྱ་རྨ་བྱ་ཡིན་ཡང་སྐྱེངས་པ་སྟེར་བའི་སྐྱ་མི་དག་རིམ་བཞིན་རྒྱུག་རར་ཡོང་ནས་འགྲན་སྡུར་མགོ་རྩོམ་པར་གྲ་སྒྲིག་བྱས་ཤིང་། དེར་ཡོད་ཀྱི་ལྟད་མོ་བ་ཡོངས་ཀྱིས་ཀི་བསྭོ་ལྷ་རྒྱལ་གྱི་སྨོན་འདུན་དང་དགའ་འབོད་ཁྲོད་དངོས་སུ་མགོ་བརྩམས།

སྨི་ལྔ་སྟོང་གི་ལམ་ཐག་ཇི་ལྟར་རིང་ཡང་རྟ་བང་ཆེན་གྱི་སྐར་མ་འགའ་ཡི་དུས་ཡུན་གྱིས་མཐའ་མཇུག་གི་རྒྱལ་ཁ་ལ་བདེན་དབང་བྱ་དུས། སི་ཁྲོན་མཛོད་དགེ་ཡི་དོན་འགྲུབ་ཀྱི་རྟ་མཆོག་གིས་བླ་ན་མེད་པའི་གྲུབ་འབྲས་སྤྱད་དེ་ཨང་དང་བོའི་ལས་བསོད་ལ་སྨོན་འདུན་གྱི་རི་མོ་བཀོད་པ་དང་། མཚོ་ལྷོ་འབའ་རྫོང་གི་ལྕགས་འབུམ་རྒྱལ་གྱི་རྟ་མཆོག་གིས་ཨང་གཉིས་པ་དང་མཚོ་ལྷོ་མང་རྫོང་གི་མགུར་བྱམས་པའི་རྟ་མཆོག་གིས་ཨང་གསུམ་པ་བླངས།

སྨི5000ཅན་གྱི་སྲོལ་རྒྱུན་ཚོ་ཆུང་གི་རྒྱུག་རྟའི་ཁྲོད་ནང་སོག་ཐུང་ལའོ་གྲོང་ཁྱེར་གྱི་པའོ་ཧྲོང་ཆོན་གྱི་རྟ་མཆོག་གིས་ཨང་དང་བོ་བླངས་པ་དང་། ཡུན་ནན་བདེ་ཆེན་གྱི་ཐེན་ཏུང་ཞོས་ཀྱི་རྟ་མཆོག་གིས་ཨང་གཉིས་པ་བླངས་ལ། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་ཚེ་རིང་དོན་འགྲུབ་ཀྱི་རྟ་མཆོག་གིས་ཨང་གསུམ་པ་བླངས།

སྨི3000ཅན་གྱི་གོམ་རྟའི་འགྲན་སྡུར་ཁྲོད་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྟོབས་ལྡན་བཀྲ་ཤིས་ཀྱི་རྟ་མཆོག་གིས་ཨང་དང་བོ་བླངས་པ་དང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་རྡོ་རྗེ་དབང་ཕྱུག་གི་རྟ་མཆོག་གིས་ཨང་གཉིས་པ་བླངས། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཀླུ་དབང་རྒྱལ་གྱི་རྟ་མཆོག་གིས་ཨང་གསུམ་པ་བཅས་བླངས།

མཇུག་མཐར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན་སོགས་འབྲེལ་ཡོད་མགོ་ཁྲིད་རྣམས་ཀྱིས་བྱ་དགའ་ཐོབ་པའི་རྟ་བ་རྣམས་ལ་བྱ་དགའི་གཟེངས་རྟགས་གནང་བ་དང་ལྷན་དུ་རྒྱལ་ཁ་དང་རེ་བའི་ཀློང་ནས་མང་ཚོགས་ཁྲི་ཕྲག་འགའ་ཡི་སེམས་ཀྱི་དགའ་སྟོན་དང་མིག་གི་ལོངས་སྤྱོད་དུ་སྨིན་པའི་ལྟད་མོ་རེ་ཞིག་མཇུག་རྫོགས་སོ། །

སྐྱེས་མའི་གོམ་རྟའི་སྨི1000ཅན།

ཨང་དང་བོ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་རྡོ་རྗེ་ཟླ་བའི་རྟ་མཆོག བྱ་དགའ་སྒོར་ཁྲི6

ཨང་གཉིས་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཀླུ་ཐར་རྒྱལ་གྱི་རྟ་མཆོག བྱ་དགའ་སྒོར་ཁྲི4

ཨང་གསུམ་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མཐོན་པོ་སྡེ་བའི་རྟ་རྒྱུག་མཐུན་ཚོགས་ཀྱི་ཚེ་བརྟན་གྱི་རྟ་མཆོག བྱ་དགའ་སྒོར་ཁྲི2

ཆེད་ལས་ཚན་ཆུང་གི་བང་རྒྱུག་སྨི5000ཅན།

ཨང་དང་བོ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཡུས་བན་རྟ་རྒྱུག་འཐུས་ཚབ་རུ་ཁག་གི་དོན་འགྲུབ་ཀྱི་རྟ་མཆོག བྱ་དགའ་སྒོར་ཁྲི10

ཨང་གཉིས་པ། མཚོ་ལྷོ་ཁུལ་འབའ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ལྕགས་འབུམ་རྒྱལ་གྱི་རྟ་མཆོག བྱ་དགའ་སྒོར་ཁྲི8

ཨང་གསུམ་པ། མཚོ་ལྷོ་ཁུལ་མང་རྫོང་གསེར་གཞུང་རྟ་རྒྱུག་མཐུན་ཚོགས་ཀྱི་མགུར་བྱམས་པའི་རྟ་མཆོག བྱ་དགའ་སྒོར་ཁྲི6

སྲོལ་རྒྱུན་ཚན་ཆུང་གི་བང་རྒྱུག་སྨི5000ཅན།

ཨང་དང་བོ། ནང་སོག་ཐུང་ལའོ་གྲོང་ཁྱེར་ཨོ་ཐུང་རྟ་རྒྱུག་འཐུས་ཚབ་རུ་ཁག་གི་པའོ་ཧྲོང་ཆོན་གྱི་རྟ་མཆོག བྱ་དགའ་སྒོར་ཁྲི10

ཨང་གཉིས་པ། ཡུན་ནན་བདེ་ཆེན་ཁུལ་ཤམ་བྷ་ལ་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཐེན་ཏུང་ཞོས་ཀྱི་རྟ་མཆོག བྱ་དགའ་སྒོར་ཁྲི8

ཨང་གསུམ་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཚེ་རིང་དོན་འགྲུབ་ཀྱི་རྟ་མཆོག བྱ་དགའ་སྒོར་ཁྲི6

སྲོལ་རྒྱུན་ཚན་ཆུང་གི་གོམ་རྒྱུག་སྨི3000ཅན།

ཨང་དང་བོ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་སྟོབས་ལྡན་བཀྲ་ཤིས་ཀྱི་རྟ་མཆོག བྱ་དགའ་སྒོར་ཁྲི10

ཨང་གཉིས་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་རྡོ་རྗེ་དབང་ཕྱུག་གི་རྟ་མཆོག བྱ་དགའ་སྒོར་ཁྲི8

ཨང་གསུམ་པ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཀླུ་དབང་རྒྱལ་གྱི་རྟ་མཆོག བྱ་དགའ་སྒོར་ཁྲི6།

ཛ་དྲག་གི་འགྲན་སྡུར་རབས་དང་རིམ་པ་བརྒྱུད་མཐར། རྟ52ལ་བྱ་དགའ་ཐོབ་པ་གཤམ་གསལ་ལྟར།

གཅིག སྨི5000ཅན་གྱི་ཆེད་ལས་ཚན་ཆུང་གི་བང་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རྟ་མཆོག་བཅུ་གསུམ།

ཨང་དང་བོ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཡུས་བན་རྟ་རྒྱུག་འཐུས་ཚབ་རུ་ཁག་གི་དོན་འགྲུབ་ཀྱི་རྟ་མཆོག

ཨང་གཉིས་པ། མཚོ་ལྷོ་ཁུལ་འབའ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ལྕགས་འབུམ་རྒྱལ་གྱི་རྟ་མཆོག

ཨང་གསུམ་པ། མཚོ་ལྷོ་ཁུལ་མང་རྫོང་གསེར་གཞུང་རྟ་རྒྱུག་མཐུན་ཚོགས་ཀྱི་མགུར་བྱམས་པའི་རྟ་མཆོག

ཨང་བཞི་བ། ནང་སོག་ཐུང་ལའོ་གྲོང་ཁྱེར་ཨོ་ཐུང་རྟ་རྒྱུག་འཐུས་ཚབ་རུ་ཁག་གི་པའོ་ཧྲོང་ཆོན་གྱི་རྟ་མཆོག

ཨང་ལྔ་བ། མཚོ་བྱང་ཁུལ་འཇུ་ལག་རྫོང་རྟའི་རིག་གནས་གོང་སྤེལ་གནས་སྐོར་མཐུན་ཚོགས་ཀྱི་མཱ་ཧྥུའུ་ཡུན་གྱི་རྟ་མཆོག

ཨང་དྲུག་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ལྷུན་འགྲུབ་རྡོ་རྗེའི་རྟ་མཆོག

ཨང་བདུན་པ། མཚོ་བྱང་ཁུལ་འཇུ་ལག་རྟ་ར་འཐུས་ཚབ་རུ་ཁག་གི་མཱ་ཧོང་ཁོས་ཀྱི་རྟ་མཆོག

ཨང་བརྒྱད་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་ན་ཆིན་རྟ་རྒྱུག་མཐུན་ཚོགས་ཀྱི་ཚེ་མདོ་རྒྱལ་གྱི་རྟ་མཆོག

ཨང་དགུ་བ། མཚོ་བྱང་ཁུལ་རྐང་ཚ་རྫོང་ཟུར་གསུམ་ལུག་རྒྱུད་ར་བའི་རྟ་མགྲིན་རྡོ་རྗེའི་རྟ་མཆོག

ཨང་བཅུ་བ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གསེར་ཆེན་མི་རིགས་རྟ་རྩལ་མཐུན་ཚོགས་ཀྱི་བློ་བསྟན་རྒྱལ་གྱི་རྟ་མཆོག

ཨང་བཅུ་གཅིག་པ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གསེར་ཆེན་མི་རིགས་རྟ་རྩལ་མཐུན་ཚོགས་ཀྱི་ལྕགས་རྒྱལ་གྱི་རྟ་མཆོག

ཨང་བཅུ་གཉིས་པ། སི་ཁྲོན་ཞིང་ཆེན་བོད་ལྗོངས་རྟ་མཆོག་འཐུས་ཚབ་རུ་ཁག་གི་ཙེ་ཨར་ཏན་གྱི་རྟ་མཆོག

ཨང་བཅུ་གསུམ་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མཐོན་པོ་སྡེ་བའི་ཕག་མོ་དོན་འགྲུབ་ཀྱི་རྟ་མཆོག

གཉིས། སྨི5000ཅན་གྱི་སྲོལ་རྒྱུན་ཚན་ཆུང་གི་བང་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རྟ་མཆོག་བཅུ་གསུམ།

ཨང་དང་བོ། ནང་སོག་ཐུང་ལའོ་གྲོང་ཁྱེར་ཨོ་ཐུང་རྟ་རྒྱུག་འཐུས་ཚབ་རུ་ཁག་གི་པའོ་ཧྲོང་ཆོན་གྱི་རྟ་མཆོག

ཨང་གཉིས་པ། ཡུན་ནན་བདེ་ཆེན་ཁུལ་ཤམ་བྷ་ལ་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཐེན་ཏུང་ཞོས་ཀྱི་རྟ་མཆོག

ཨང་གསུམ་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཚེ་རིང་དོན་འགྲུབ་ཀྱི་རྟ་མཆོག

ཨང་བཞི་བ། མགོ་ལོག་ཁུལ་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་གུ་རུ་རྡོ་རྗེའི་རྟ་མཆོག

ཨང་ལྔ་བ། སི་ཁྲོན་ཞིང་ཆེན་བོད་ལྗོངས་རྟ་མཆོག་རྟ་རྒྱུག་མཐུན་ཚོགས་ཀྱི་སྐལ་བཟང་བཀྲ་ཤིས་ཀྱི་རྟ་མཆོག

ཨང་དྲུག་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མཐོན་པོ་སྡེ་བའི་རྟ་རྒྱུག་མཐུན་ཚོགས་ཀྱི་གཡང་འབུམ་རྒྱལ་གྱི་རྟ་མཆོག

ཨང་བདུན་པ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་གུ་རུ་སྐྱབས་ཀྱི་རྟ་མཆོག

ཨང་བརྒྱད་པ། མཚོ་ལྷོ་ཁུལ་མང་རྫོང་རླུང་རྟ་མཐུན་ཚོགས་ཀྱི་ཚེ་དབང་ཐར་གྱི་རྟ་མཆོག

ཨང་དགུ་བ། མཚོ་ལྷོ་ཁུལ་འབའ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་རྡོ་རྗེ་རྒྱལ་རྒྱལ་གྱི་རྟ་མཆོག

ཨང་བཅུ་བ། མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མདའ་བཞི་བདེ་སྐྱིད་སྡེ་བའི་རྟ་རྒྱུག་མཐུན་ཚོགས་ཀྱི་ཚེ་རིང་རྒྱལ་གྱི་རྟ་མཆོག

ཨང་བཅུ་གཅིག་པ། མཚོ་བྱང་ཁུལ་འཇུ་ལག་རྫོང་རྟའི་རིག་གནས་གོང་སྤེལ་གནས་སྐོར་མཐུན་ཚོགས་ཀྱི་ཡན་སིན་གྱི་རྟ་མཆོག

ཨང་བཅུ་གཉིས་པ། མཚོ་ལྷོ་ཁུལ་མང་རྫོང་གསེར་གཞུང་རྟ་རྒྱུག་མཐུན་ཚོགས་ཀྱི་བསོད་ནམས་རྡོ་རྗེའི་རྟ་མཆོག

ཨང་བཅུ་གསུམ་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་གུར་ལི་རྟ་རྩལ་མཐུན་ཚོགས་ཀྱི་ལིག་ཀུག་གི་རྟ་མཆོག

གསུམ། སྨི3000ཅན་གྱི་གོམ་རྟའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རྟ་མཆོག་བཅུ་གསུམ།

ཨང་དང་བོ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་སྟོབས་ལྡན་བཀྲ་ཤིས་ཀྱི་རྟ་མཆོག

ཨང་གཉིས་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་རྡོ་རྗེ་དབང་ཕྱུག་གི་རྟ་མཆོག

ཨང་གསུམ་པ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཀླུ་དབང་རྒྱལ་གྱི་རྟ་མཆོག

ཨང་བཞི་བ། མཚོ་ནུབ་ཁུལ་ཚྭ་ཁ་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་སངས་ལ་རྒྱལ་གྱི་རྟ་མཆོག

ཨང་ལྔ་བ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་སྒྲོལ་མ་སྐྱིད་ཀྱི་རྟ་མཆོག

ཨང་དྲུག་པ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་པ་པའི་རྟ་མཆོག

ཨང་བདུན་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་བསོད་ནམས་དོན་འགྲུབ་ཀྱི་རྟ་མཆོག

ཨང་བརྒྱད་པ། ཡུན་ནན་བདེ་ཆེན་ཁུལ་ཤམ་བྷ་ལ་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཐེན་ཏུང་ཞོས་ཀྱི་རྟ་མཆོག

ཨང་དགུ་བ། མཚོ་བྱང་ཁུལ་མདོ་ལ་རྫོང་མི་རིགས་རྟ་རྒྱུག་མཐུན་ཚོགས་ཀྱི་བསོད་ནམས་བསྟན་པའི་རྟ་མཆོག

ཨང་བཅུ་བ། མཚོ་བྱང་ཁུལ་མདའ་བཞི་རྫོང་ན་ཆིན་རྟ་རྒྱུག་མཐུན་ཚོགས་ཀྱི་ཚེ་བརྟན་དོན་འགྲུབ་ཀྱི་རྟ་མཆོག

ཨང་བཅུ་གཅིག་པ། མཚོ་བྱང་ཁུལ་མདོ་ལ་རྫོང་མི་རིགས་རྟ་རྒྱུག་མཐུན་ཚོགས་ཀྱི་རྟ་མགྲིན་དབང་རྒྱལ་གྱི་རྟ་མཆོག

ཨང་བཅུ་གཉིས་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་གུར་ལུ་རྟ་རྒྱུག་མཐུན་ཚོགས་ཀྱི་སུའུ་ཏིག་ཅོན་གྱི་རྟ་མཆོག

ཨང་བཅུ་གསུམ་པ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཀྲང་མེན་གྱི་རྟ་མཆོག

བཞི། སྨི1000ཅན་གྱི་སྐྱེས་མའི་གོམ་རྟའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རྟ་མཆོག་བཅུ་གསུམ།

ཨང་དང་བོ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་རྡོ་རྗེ་ཟླ་བའི་རྟ་མཆོག

ཨང་གཉིས་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཀླུ་ཐར་རྒྱལ་གྱི་རྟ་མཆོག

ཨང་གསུམ་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མཐོན་པོ་སྡེ་བའི་རྟ་རྒྱུག་མཐུན་ཚོགས་ཀྱི་ཚེ་བརྟན་གྱི་རྟ་མཆོག

ཨང་བཞི་བ། མཚོ་བྱང་ཁུལ་མདོ་ལ་རྫོང་རྟ་རྒྱུག་མཐུན་ཚོགས་ཀྱི་ཡན་ལུང་གི་རྟ་མཆོག

ཨང་ལྔ་བ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་འབྲུག་སྐྱིད་སྒྲོལ་མའི་རྟ་མཆོག

ཨང་དྲུག་པ། མཚོ་བྱང་ཁུལ་མདོ་ལ་རྫོང་རྟ་རྒྱུག་མཐུན་ཚོགས་ཀྱི་ལབ་སྒྲོན་སྐྱིད་ཀྱི་རྟ་མཆོག

ཨང་བདུན་པ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་གཡང་ཕྱུག་འཚོའི་རྟ་མཆོག

ཨང་བརྒྱད་པ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་རྟ་མཆོག་རིག་གནས་གསར་གཏོད་ཀུང་སིའི་དཔའ་ཐར་རྒྱལ་གྱི་རྟ་མཆོག

ཨང་དགུ་བ། མཚོ་བྱང་ཁུལ་མདོ་ལ་རྫོང་མི་རིགས་རྟ་རྒྱུག་མཐུན་ཚོགས་ཀྱི་བརྩོན་འགྲུས་ཀྱི་རྟ་མཆོག

ཨང་བཅུ་བ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་འབྲུག་འབུམ་རྒྱལ་གྱི་རྟ་མཆོག

ཨང་བཅུ་གཅིག་པ། མཚོ་བྱང་ཁུལ་རྐང་ཚ་རྫོང་དམངས་ཁྲོད་འཐུས་ཚབ་རུ་ཁག་གི་ཧྥུན་ཧེས་ཡུས་ཀྱི་རྟ་མཆོག

ཨང་བཅུ་གཉིས་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་གུར་ལུ་རྟ་རྒྱུག་མཐུན་ཚོགས་ཀྱི་སུའུ་ཏིག་ཅོན་གྱི་རྟ་མཆོག

ཨང་བཅུ་གསུམ་པ། མཚོ་བྱང་ཁུལ་མདའ་བཞི་རྫོང་མཐོན་པོ་སྡེ་བའི་རྟ་རྒྱུག་མཐུན་ཚོགས་ཀྱི་གཡུ་སྒྲོལ་གྱི་རྟ་མཆོག