པདྨ་རྫོང་གིས་བྱེད་ཐབས་གསར་པ་སྤྱད་ནས་དབུལ་ཐར་འགག་སྒྲོལ་ལ་རོགས་འདེགས་བྱས་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་བྱ་ཆེད། ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས“ཏང་འཛུགས་སྐྱོང་དང་པདྨའི་ཉམས་མྱོང”གི་གཞི་རྟེན་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་བཏང་ནས“གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ”བཅས་དམིགས་ཚད་དུ་བྱས་ཏེ། “སྲིད་ཇུས་སྒྲོག་འགྲེལ་+རིག་གནས་གཤམ་སྤེལ་+སྨན་བཅོས་ཞབས་ཞུ+བཅའ་ཁྲིམས་འཆད་ཁྲིད+ནག་འཇོམས་ངན་སེལ+ཁོར་ཡུག་སྲུང་སྐྱོང་གི་ལས་སྒོ+གནད་འཁེལ་དབུལ་སྐྱོར+དཀའ་གནད་སེལ་བ+དམངས་ཆེད་ལས་སྒྲུབ”བཅས་ཀྱི་གཞི་རིམ་གྱི་ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱས་ཏེ། བོད་ཁུལ་གཞི་རིམ་གྱི་དབུལ་ཐར་འགག་སྒྲོལ་ཐད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། པདྨ་རྫོང་གིས“རོགས་སྐྱོར་གཉིས”ཀྱི་ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་གྱིས་རྫོང་ཡོངས་ཀྱི་གཞི་རིམ་ཏང་ཀྲི་པུའུ79དང་། ཏང་ཡོན་ལས་བྱེད་པ800ལྷག་ཙམ་སྐུལ་སློང་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་ཁག་སོ་སོར་བསྐྱོད་དེ། གཞི་རིམ་དང་བར་ཐག་ཆེས་ཉེ་ས་ནས་ལས་དོན་རེ་རེ་བཞིན་དོན་འཁྱོལ་དང་ཐག་གཅོད་བྱས་ཤིང་། གཙོ་གནད་ལས་དོན་ལ་སྐུལ་འདེད་ནན་མོ་བྱས།དེ་དང་ཆབས་ཅིག ཡུལ་ཚོ་དང་གྲོང་རྡལ་དོ་དམ་གཙོ་བོར་བྱེད་པ་དང་། གྲོང་ཚོ་དང་སྡེ་ཁུལ་གཞི་རྩའི་ཚན་པར་བྱེད་པ། ཕྱོགས་བསྡུས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་མ་ལག་འཛུགས་པ། མི་སྣ་གདན་ཞུ་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་བྱེད་པ་གདན་ཞུ་བྱས་ནས་དུད་ཚང་དབུལ་པོའི་ད་ལྟའི་གནས་ཚུལ་ཤེས་རྟོགས་ཡང་དག་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ནན་གྱིས་བསྒྲུབས་པ་རེད།

དེ་དང་ཆབས་ཅིག ཁྱིམ་ཚང་གཅིག་ལ་ཇུས་གཞི་གཅིག་རེ་བཟོ་བའི་བྱ་བའི་ཐབས་ལམ་ལ་བརྟེན་ནས། ཁུལ་རིམ་པའི་རང་སྟེང་ནས་མ་དངུལ་བསྡུ་རུབ་དང་རྫོང་རིམ་པའི་ཆ་སྒྲིག་ཇུས་གཞིའི་ཐབས་ལམ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “ཏང་ཡོན་དབུལ་སྒྲོལ་དཔེ་སྟོན་དུད་ཚང”གཏོད་པའི་ལས་དོན་སྤེལ་ནས་ཡུལ་ཚོ་དང་གྲོང་རྡལ་ཁག་དང་དབུལ་སྐྱོར་ལས་རིགས་སྡེ་ཚན་ཁག་གི་ལས་དོན་ལེགས་སྒྲུབ་བྱས་ཚུལ་ལ་མིང་རིམ་སྒྲིག་པ་དང་འབྲེལ། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གིས་རང་འགན་རང་སྒྲུབ་དང་། གཞི་རིམ་དབུལ་སྐྱོར་ལས་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ། ལས་བྱེད་པ་དུས་རབས་གསར་པ་དང་འཚམ་པ་དང་བཀོད་སྒྲིག་གསར་པ་དོན་འཁྱོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས།

ལོ་ཙཱ་བ། ཀླུ་མོ།