ཆུའུ་ཞིན་ཡུང་གིས་ཞོན་ཧྭ་རྫོང་གི་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས།

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཆུའུ་ཞིན་ཡུང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་དམག་དཔུང་གིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས་མཁན་ཀའོ་ཅན་ཅུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།

ཆུའུ་ཞིན་ཡུང་ཁྲ་ཧན་ཏུའུ་ཟི་ཞང་ཧུང་ཀོང་སྡེ་བར་ཐོན་ནས། ས་གནས་དེ་གའི་ཞིང་ཆེན་དམག་ཁུལ་གྱིས་རོགས་སྐྱོར་བྱས་དེ་བཙུགས་པའི་སྡེ་བའི་བྱིས་སྐྱོང་ཁང་གི་ལས་གཞིར་ཞིབ་བཤེར་བྱས་ནས་ནན་གྱིས་བསྟན་དོན། སྟོབས་ཤུགས་གང་ཡོད་བཏོན་ནས་སློབ་གསོའི་རོགས་སྐྱོར་བྱ་བ་དམ་པོར་འཛིན་དགོས་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་དབུལ་ཕོངས་ཀྱི་དཀའ་གནད་ཅི་ཡོད་རིམ་པར་སེལ་དགོས་ཟེར། དེའི་རྗེས་ཆུའུ་ཞིན་ཡུང་གིས་དབུལ་སྐྱོར་ཁྱིམ་ཚང་གཉིས་ལ་དངོས་བཅར་འཚམས་འདྲི་བྱས་ཏེ། ཁྱིམ་ཚང་དེ་གཉིས་ཀྱི་ཡོང་སྒོ་དང་ཐོན་སྐྱེད་འཚོ་བ། རོགས་སྐྱོར་འཆར་འགོད་དངོས་འབེབས་བྱས་པའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས།