རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་དོ་དམ་ཡན་ལག་གླེང་སྟེགས་འཚོགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཟླ8ཚེས20ཉིན།“རྒྱལ་ཁབ་སྤྱི་གླིང་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་དོ་དམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོའི་ཡན་ལག་གླེང་སྟེགས་ཟི་ལིང་དུ་གཉེར་ཅིང་། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁུལ་སིའི་སི་ཀྲང་གཞོན་པ་ཡན་ཁྲེང་ཀའོ་ཡིས་གླེང་སྟེགས་གཙོ་སྐྱོང་གནང་བ་རེད།

གླེང་སྟེགས་ཐོག་རྒྱལ་ཁབ་ནགས་རྩྭ་ཅུས་བརྟག་དཔྱད་འཆར་འགོད་ཇུས་འགོད་ཁང་དང་། རྒྱལ་ཁབ་ནགས་རྩྭ་ཅུས་ནུབ་བྱང་འཆར་འགོད་ཇུས་འགོད་ཁང་། རྒྱལ་ཁབ་ནགས་རྩྭ་ཅུས་ཁུན་མིང་ཇུས་འགོད་ཁང་བཅས་ཀྱི་སྐུ་མགྲོན་འཐུས་མིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་དམར་ཐིག་དཔྱད་དཔོག་བྱ་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་བརྟག་དཔྱད་དཔྱད་དཔོག་བྱ་བ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རིམ་དབྱེ་རིགས་དབྱེ་དང་། དེ་བཞིན་གདེང་འཇོག་བྱེད་ཐབས་ཞིབ་འཇུག་སོགས་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་བྱས་པ་རེད། མཚོ་སྔོན་ཞིང་ཆེན། ཁྲུང་ཆེན་གྲོང་ཁྱེར། ཡུན་ནན་ཞིང་ཆེན། ཧའོ་ནན་ཞིང་ཆེན།ཧའོ་པེ་ཞིང་ཆེན།ཀེ་གྲུག་ཞིང་ཆེན་སོགས་ཀྱིས<< སྔོན་ལ་ཧུར་ཐག་གིས་འཚོལ་ཞིབ་དང་ལག་ལེན།ཚོད་ལྟ་བཅས་བྱས་ཏེ་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ>> <<གནད་དོན་མངོན་གསལ་ཅན་བཅོས་སྐྱོང་གནད་འཁེལ་བྱེད་པར་དམིགས་པ་དང་།གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བྱས་ཏེ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་དགོས།>><<སྲུང་སྐྱོབ་བྱེད་ས་ཡག་པོ་སྐྲུན་པ་དང་སྲུང་སྐྱོབ་བྱེད་མཁན་ཡག་པོ་བྱེད་པ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་མདུན་མ་མཐའ་གཅིག་ཏུ་བསྲུང་དགོས>><<ཞི་ཅིན་ཕིང་གི་འབྱུང་ཁམས་དཔལ་ཡོན་དར་བ་བྱེད་རྒྱུའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་རྒྱུའི་ལས་འགན་གསར་པ་སྒྲུབ་ཕོད་པ་བྱེད་དགོས>><<དོ་དམ་འགན་ནུས་ཤུགས་ཆེར་གང་རྒྱུ་དང་ལས་ཀའི་བྱ་ཐབས་གསར་གཏོད་བྱེད་རྒྱུ།ཧུའུ་པེ་ཡི་རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་གདང་རིམ་སྤོར་རྒྱུར་སྐུལ་འདེད་ཤུགས་ཆེ་གང་རྒྱུ>><<ཀུའེ་ཀྲོའུ་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཆ་ལེགས་སྒྲིག་སྒྲིལ་བཅོས་བྱེད་པའི་ལས་ཀའི་གནས་ཚུལ་སྙན་ཞུ>>སོགས་ཀྱི་ནང་དོན་ཐད་གཏམ་བཤད་བྱས་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།