རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་ལིག་ཉིང་གིས་གནས་ཚུལ་མཚམས་སྦྱོར་བྱས་པ།

མཚོ་སྔོན་སགར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ8པའི་ཚེས20ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཇུག་སྒྲིལ་རྗེས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གླེང་སྟེགས་བསྒྲུབས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲོན་ལིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི《ཟི་ལིང་ངོས་འཛིན》ཁྱབ་སྒྲོག་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་པ་རེད།

ལིག་ཉིང་གིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དང། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་གླེང་སྟེགས་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་རིགས་སོ་སོའི་མི་སྣར་དགའ་བསུ་ཞུས་པར་མ་ཟད། རྒྱལ་ཁབ་སྤྱི་གླིང་རྐྱེན་སྲོལ་ལག་བསྟར་བྱེད་པའི་དོན་སྙིང་དང་གཞུང་ལུགས། དམིགས་ཡུལ་དང་ནང་དོན་སོགས་ཀྱི་ཐད་ནས་གསལ་བཤད་གཏིང་ཟབ་བྱས་ལ། གླེང་སྟེགས་ལ་ཞུགས་པའི་འགོ་ཁྲིད་དང་ཆེད་མཁས་པའི་གཏམ་བཤད་ཀྱི་ལྟ་བ་གསལ་ཅིང་ནང་དོན་ཞིབ་ཕྲ་ལྡན་པ། རྒྱས་བཤད་ཕུན་སུམ་ཚོགས་པས་ཉམས་མྱོང་བརྗེ་རེས་དང་བསམ་བློ་གཅིག་གྱུར། ངོས་འཛིན་གཅིག་མཐུན་གྱི་སྔོན་དཔག་དམིགས་འབེན་ལ་བསླེབས་ཡོད་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།