ཞིང་ཆེན་ཏང་ཨུས་ལས་བྱེད་རྒན་པའི་བདེ་ཐང་མཛུབ་སྟོན་གྱི་འཆད་ཁྲིད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་གྲས་ཀྱི་ལུས་སེམས་བདེ་ཐང་ལ་དོ་ཁུར་དང་གཅེས་སྐྱོང་བྱེད་པའི་བླང་བྱ་དོན་འཁྱོལ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྐྱིད་སྣང་དང་། ཁམས་ཡངས། འཚོ་བའི་སྤུས་ཀ་བཅས་ཟམ་མི་ཆད་པར་མཐོ་རུ་གཏང་ཆེད། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་སྟེ། ཟླ8པའི་ཚེས19ཉིན་པེ་ཅིང་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གསོ་རིག་པུའི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ལིའུ་ཡུས་ཚུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར“བདེ་ཐང་མཛུབ་སྟོན”གྱི་ཤེས་བྱ་འཆད་ཁྲིད་བྱས་པ་རེད། ཟི་ལིང་གི་ཞིང་ཆེན་རིམ་པའི་བློ་མཐུན་རྒན་གྲས་པདྨ་དང་། ཝང་ཞའོ་ཆིང་། མ་ཅིན་ཤའོ་བཅས་ཐིང་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། དེ་བཞིན་ཏང་ཀྲི་པུའི་ཧྲུའུ་ཅིའི་འཐུས་མི་བསྡོམས་པའི་མི200ལྷག་འཆད་ཁྲིད་ནང་ཞུགས་ཡོད་པ་རེད།

སློབ་ཁྲིད་བྱེད་སྐབས། དགེ་རྒན་ཆེན་མོ་ལིའུ་ཡུས་ཚུང་གིས་གསོན་ཉམས་དོད་ཅིང་ཞིབ་ཚགས་ལྡན་པ། གོ་བདེ་བའི་ངང་ལུས་སེམས་བདེ་ཐང་ཇི་ལྟར་ཡོང་བའི་བྱེད་ཐབས་དང་ཐབས་ལམ་བརྗོད་པ་རེད། དེ་དང་ཆབས་ཅིག དམིགས་ཡུལ་དང་དངོས་ཕན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། མཚོ་སྔོན་གྱི་ལས་བྱེད་པ་རྒན་གྲས་ཀྱི་ལུས་སེམས་བདེ་ཐང་གི་དོན་དངོས་དང་ཟུང་འབྲེལ་སྒོས་ནད་ལུགས་འགྲེལ་བཤད་དང་ནད་གཞིར་དབྱེ་ཞིབ་བྱས་ཏེ། ཚང་མར་རང་ངོས་སྙོམས་སྒྲིག་དང་རང་ཉིད་བདེ་སྲུང་བྱ་རྒྱུའི་མཛུབ་ཁྲིད་དང། ལུས་ཕུང་བདེ་ཐང་ཡོང་བ་བྱས་ཏེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་བདེ་ཐང་བདེ་སྲུང་གི་འདུ་ཤེས་ཟབ་ཏུ་གཏང་དགོས་ཟེར།

ཐེངས་འདིའི་འཆད་ཁྲིད་ལ་ལས་བྱེད་པ་རྒན་གྲས་ཀྱི་གཅིག་མཐུན་བསྔགས་བརྗོད་ཐོང་ཅིང་། ཚང་མས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་བྲལ་དང་ལས་འཁྱུར་ལས་བྱེད་ཀྱི་ལུས་སེམས་བདེ་ཐང་ཡོང་བ་དང་། ལས་བྱེད་པ་རྒན་གྲས་ཚོར་བརྩེ་སེམས་ཟབ་མོས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། རྒྱལ་ཡོངས་ཀྱི་ཆེད་མཁས་པ་གྲགས་ཅན་གདན་དྲངས་ནས་བདེ་ཐང་ཤེས་བྱ་སློབ་ཁྲིད་བཅས་བྱས་པས། བློ་མཐུན་རྒན་གྲས་ཚོའི་མཐོང་ཐོས་གསར་པ་དང་ཕན་པ་ཐོབ་པ་མ་ཟད། རྗེས་ཕྱོགས་ལུས་སེམས་བདེ་ཐང་ཡོང་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཡོད་པའི་ངོས་འཛིན་ཡོངས་ཁྱབ་ཏུ་བྱས་པ་རེད། ཚང་མས་ལུས་ཁམས་བདེ་སྲུང་གི་འདུ་ཤེས་སྔར་བས་ཇེ་ཟབ་དང་། ཧུར་བརྩོན་ཡར་བརྩོན་གྱི་བསམ་པའི་དོན་གཉེར་དང་སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས། དེ་བཞིན་ཏང་དང་མི་དམངས་ཀྱི་ལས་དོན་ལ་དྲང་ཕྱོགས་ཀྱི་ནུས་ཤུགས་སྣོན་པའི་བྱེད་སྒོའི་ནང་ཧུར་ཐག་སྒོས་འཇུག་པ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་བ་བཅས་བྱས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་རང་ནུས་གང་ལྕོགས་ཀྱིས་སྟོབས་ཤུགས་འབུལ་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།