སྐྱེ་ཁམས་རིག་གནས་རྒྱུན་འཛིན་གྱི་བརྗོད་དོན་གཙོ་བོའི་ཟུར་མང་ཚོགས་འདུ་འཚོགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།ཟླ8ཚེས་20ཉིན། བརྗོད་གཞི་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཡིན་པའི་ཟུར་མང་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་།དེའི་དམིགས་ཡུལ་ནི་སྐྱེ་ཁམས་ཞི་འགྲིག་མཉམ་གནས་ཁྲོད། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྩ་བ་ཚུགས་པའི་ནུས་པ་གདོན་རྒྱུ་གཙོ་བོར་གཟུང་རྒྱུ་དེ་རེད། 

ཚོགས་འདུ་འགོ་ཚུགས་སྐབས། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཐོ་རིམ་གསར་འགོད་པ་ཧུའུ་ཡུང་ཁུའུ་ཡིས་ཚང་མར་རང་ཉིད་ཀྱིས་པར་ལེན་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་པར་རིས་མཉམ་སྤྱོད་བྱས་ཤིང་། ཁོང་གིས“གལ་ཏེ་རྒྱལ་ཁབ་སྤྱི་གླིང་ཚུད་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དེ་རྒྱལ་དམངས་ཀྱི་མཛད་སྒོ་དང་རྒྱལ་ཁབ་ཀྱི་འདོད་བློར་གྱུར་ཟིན་ཡོད་ཟེར་ན། རིག་གནས་སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུར་རྒྱང་ཐག་དེ་ལས་ཀྱང་རིང”ཟེར། 

ཀྲུང་གོའི་བཟོ་རྩལ་མཛེས་རྩལ་དགེ་རྒན་ཆེ་མོ་པ་སྙིང་འབུམ་གྱིས《ཐང་གའི་སྒྱུ་རྩལ་གྱི་སྐོར་གླེང་བ》ཞེས་པའི་ནང་། “ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱས་ཚེ་གཞི་ནས་སྲུང་སྐྱོང་དང་སྟོབས་ཆེར་གཏོང་ཐུབ་པ་དང་། རྒྱལ་ནང་གི་ཚོང་རྭར་ཐང་ག་ཁྱབ་གདལ་བཏང་ཟིན་ཡང་།་ད་ལྟ་རེབ་གོང་ཐང་ག་ཕྱི་རྒྱལ་དུ་འཁྱེར་ནས་ཁོ་ཚོར་ཐང་ག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཤེས་སུ་འཇུག་པ་འདི་གཉིས་དབུགས་ལམ་གཅིག་འབྲེལ་ཡིན་ལ་ཁ་འབྲལ་ཐབས་མེད་པས་ངེས་པར་དུ་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མཐོང་ཆེན་དང་།མཚོ་སྔོན་ལ་རྒྱུས་ལོན།རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ནས་བཟུང་ཐང་གའི་གནས་ཚུལ་ཤེས་པ་བཅས་བྱ་དགོས། "ཞེས་བཤད།

“མཚོ་སྔོན་ཉིན་རེའི་ཚགས་པར་སྤྱི་ཚོགས་རིག་གནས་ཆེད་སྒྲིག་པུའི་ཀྲུའུ་རེན་མཱ་ཅུན་གྱིས"སྐྱེ་ཁམས་རིག་པའི་གཞི་རྩའི་ལྟ་བ་ནི་སྐྱེ་ཁམས་རིག་པའི་གཞི་རྩའི་ལྟ་བར་བརྟེན་ནས་བྱ་དངོས་མངོན་སུམ་ལ་ལྟ་ཞིབ་དང་།དངོས་ཡོད་སྤྱི་ཚོགས་གསལ་འགྲེལ།དངོས་ཡོད་གནད་དོན་ཐག་གཅོད་བཅས་བྱ་དགོས་པ་དེ་ཡིན་ཞིང་།ལོ་མང་སྤྱོད་མི་དགོས་པའི་ས་ཞིང་རྣམས་ད་དུང་སྔར་གྱི་ས་ཞིང་ས་གཞིར་ཕྱིར་སྤྲད་ནས་ཡང་བསྐྱར་བེད་སྤྱོད་བྱ་དགོས་ཅེས་བཤད།

དེའི་རྗེས་ཞིང་ཆེན་སྲིད་གཞུང་ཚན་ཧྲི་ཁང་གི་ཚན་ཧྲི་ཤེ་ཙུའོ་དང་། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཆེད་སྒྲིག་པུའི་ཀྲུའུ་རེན་ལི་ཧའོ། ཟི་ལིང་རི་མོ་ཁང་གི་ཡོན་ཀྲང་ཧོང་ཕི་ཕི། ཡུལ་ཤུལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྲང་ཨ་ཞ་ཡུང་ཧུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས《གཙང་གསུམ་ཆུ་འགོའི་སྐྱེ་ཁམས》ལག་ལེན་དུ་བསྟར་ཅིང་། ཐང་ཅེ་ཡིས་སོ་སོར་ངོ་མཚར་ཆེ་བའི་གཏམ་བཤད་སྤེལ་བ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།