མཚོ་བྱང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡིའུ་ཧའེ་ཧུང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་བྱང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡིའུ་ཧའེ་ཧུང་གིས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་བ་ཚབས་ཆེན་བཟོས་ཡོད་པས། ད་ཆ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་པའི་སྒང་རེད།

ངོ་སྤྲོད་མདོར་བསྡུས།

ཡིའུ་ཧའེ་ཧུང་། ཕོ། རྒྱ་རིགས། 1965ལོའི་ཟླ2པར་སྐྱེས། ཧོའུ་ནན་ཐུང་ཞིའི་མི། དངོས་གཞིའི་བསླབ་གནས་ལྡན། 1983ལོའི་ཟླ10པར་བྱ་བར་ཞུགས། 1985ལོའི་ཟླ7པར་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས།

1983.10—1986.12ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རླངས་འཁོར་སྡེ་ཤོག་དང་པོའི་འཐབ་མོ་བ།

1986.12—1989.10མཚོ་བྱང་ཁུལ་མདོ་ལ་རྫོང་རྡོ་ལུང་ཡུལ་ཚོའི་དྲག་ཆས་པུའུ་ཡི་ལས་མི།

1989.10—1990.10མདོ་ལ་རྫོང་དྲག་ཆས་པུའུ་ལས་མི།

1990.10—2006.09 མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དྲག་ཆས་པུའུ་ཡི་ལས་བྱེད་པ་དང་། གྲོང་རྡལ་གྱི་འགོ་འཛིན་གཞོན་པ། ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་རྡལ་གྱི་འགོ་འཛིན། ཏང་ཨུའི་ཧྲུའུ་ཅི། དམངས་འཐུས་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་ཀྱི་འགན་འཁུར།

2006.09—2011.10 མདོ་ལ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། བཙུན་མོ་གཞོང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི། རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རྫོང་དཔོན་གཞོན་པ། རྫོང་སྤྱི་བདེ་ཅུའུ་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་། མདོ་ལ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་འཁུར།

2011.10—2016.10མཚོ་བྱང་ཁུལ་ཞིང་ཕྱུགས་ཅུའུ་ཅུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་འཁུར།

2016.10—མཚོ་བྱང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་འཁུར། (ཐིན་རིམ་པ་གཞོན་པ། )

ལོ་ཙཱ་བ། ལྷ་ཆེན་རྒྱལ།