པདྨ་ཚེ་བརྟན་གྱི་སྒྲུང་ཐུང《དབུགས་ལྒང》ལ་རྩོམ་རིག་བྱ་དགའ་ཐོབ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཟླ8པའི་ཚེས19ཉིན། པར་འགྲེམས་བྱས་ཏེ་ལོ་འཁོར40ལོན་པའི་དུས་དེབ《ཧྭ་ཁྲིན》(《花城》)གྱིས་ཀོང་ཏུང་ཞིང་ཆེན་ནས་སྐབས་བདུན་པའི་ཧྭ་ཁྲིན་རྩོམ་རིག་བྱ་དགའི་མཛད་སྒོ་བསྡུས། རྩོམ་པ་པོ་ཨཱ་ལའེ། ཨའེ་ཝེ། ཏུང་ཞི། ཧོ་ཕེན་སོགས་ཚོགས་ཞུགས་གནང་བ་རེད། ཐེངས་འདིའི་ཧྭ་ཁྲིན་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོའི་མིང་ཐོ་ཁྱབ་སྒྲོག་བྱས་པ་ལྟར། པདྨ་ཚེ་བརྟན་གྱི་སྒྲུང་ཐུང《དབུགས་ལྒང》ལ་སྒྲུང་གཏམ་འབྲིང་ཐུང་སྡེ་ཚན་ཁྲོད་བྱ་དགའ་ཐོབ་འདུག

པདྨ་ཚེ་བརྟན་གྱི་སྒྲུང་ཐུང《དབུགས་ལྒང》ལ་སྒྲུང་གཏམ་འབྲིང་ཐུང་སྡེ་ཚན་ཁྲོད་བྱ་དགའ་ཐོབ།

ཚོགས་མི་ཡོངས་ཀྱི་མཉམ་པར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།