གནའ་གྲོང་ཟི་ལིང་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕྱོགས་བསྡུས་རྒྱ་མཚོ་ཁང་ཆེ་གྲས་ཤིག་ཕྱེས་པ།

             ཟི་ལིང་གི་བྱིས་རྩེད་ར་བ་ཟླ་འདིའི་ཚེས18ཉིན་སྒོ་ཕྱེས་ཡོད་ཅིང་། སྒོ་ཕྱེ་བའི་ཉིན་མོ་དེར་འགྲུལ་བ་མི་ཐེངས་ཁྲི3ལ་བུད་ཡོད་པ་རེད།  རྒྱ་མཚོའི་གླིང་འདི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོད་པ་གྲོང་གསར་དུ་ཡོད་ཅིང་། ས་བབ་མཐོ་ཚད་སྨི་2261དང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.8བཅས་ཡོད་ལ། འགྲེམས་སྟོན་དང་། ཚན་རིག་ཁྱབ་གདལ། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ཁྱབ་གདལ་ཁང་ཞིག་རེད། ཟི་ལིང་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་གི་“འདི་ནི་མིག་སྔའི་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱ་མཚོ་ཁང་ཆེ་གྲས་ཤིག་ཡིན”ཞེས་ཟི་ལིང་རྒྱ་མཚོའི་འཇིག་རྟེན་ཚན་རིག་ཁྱབ་གདལ་ཁང་གི་ཀོན་ཀྲང་ལུའོ་རུས་པིན་གྱིས་བཤད་བྱུང་།



མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ལས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས་ས་བབ་མཐོ་ཤོས་ཀྱི་རྒྱ་མཚོ་གླིང་དེས་ཟི་ལིང་གྲོང་ཁྱེར་རང་སྟེང་གི་ཁྱད་ཆོས་དང་རང་བྱུང་སྣོད་བཅུད། ལོ་རྒྱུས་རིག་གནས། དམངས་སྲོལ་གོམས་གཤིས། ཁ་དབུགས་ཀྱི་དྲོད་གྲང་ལ་སོགས་པའི་ཐུན་མིན་གྱི་དགེ་མཚན་བེད་སྤྱོད་ལེགས་པོ་ཐོག གངས་ལྗོངས་མཐོ་སྒང་དང་། ཡུལ་སྐོར་དུས་བཟང་ལྗོངས་ཁུལ། དར་གོས་ཡུལ་སྲོལ་སོགས་གཅིག་ཏུ་བསྡུས་ཡོད་པས། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་མངའ་ཁོངས་ཧྲིལ་བོ་དང་དུས་ཚིགས་ཧྲིལ་བོའི་ཡུལ་སྐོར་ལ་དཔེ་གསར་པ་ཞིག་བཏོད་ཡོད་པ་རེད།