རྐང་ཚ་རྫོང་གིས་ཧྲན་ཏུང་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ།

འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཞལ་འདེབས་ཕུལ་བཞིན་པ།

གནོད་འཚེ་ལ་སྙིང་རྗེ་མེད་རུང་། མི་ཡུལ་དུ་སྙིང་རྗེ་ཡོད་ཞེས་པའི་དཔེ་ལྟར་ཟླ༨ཚེས༡༦ཉིན་རང་རེའི་རྐང་ཚ་རྫོང་གིས་ཧྲན་ཏུང“གནོད་ཐེབས་ས་ཁུལ་ལ་བརྩེ་སེམས་འཆང་བའི”དགེ་སྒྲུབ་ཞལ་འདེབས་བྱེད་སྒོ་སྤེལ་བ་དང་། རྫོང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཞལ་འདེབས་ཕུལ་ལ། རྫོང་ཡོངས་ཀྱི་ཁོའོ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ། ཤང་དང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་གཅིག་སྡུད་ཀྱིས་ཞལ་འདེབས་བྱེད་སྒོར་ཞུགས་ཡོད། ཉིན་དེར་ཁྱོན་བསྡོམས་པའི་ཞལ་འདེབས་སྒོར༦༤༤༣༠བསྡུས་ཡོད་པ་རེད།


ང་ཚོའི་བརྩེ་སེམས་ཀྱི་སྒྲོན་མེ་གཟིམ་མི་སྲིད།

འདི་ནི་རྐང་ཚའི་ཧྲན་ཏུང་གནོད་ཐེབས་ས་ཁུལ་ལ་ཕུལ་བའི་སེམས་ཀྱི་རོགས་རམ་དང་བརྩེ་བའི་དྲིན་གཟོ་ཡིན་ལ། ཁོ་ཚོ་ཆེས་མགྱོགས་པའི་དུས་ཚོད་ནང་གནོད་པ་ལས་ཐར་ཏེ་རང་ཁྱིམ་གྱི་དྲོད་ཁོལ་དང་མཇལ་བར་སེམས་ཀྱི་རེ་བ་བཅིངས་ཡོད། དེ་ལས་གཞན་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ། གཞས་ཁུལ། དགོན་པ། སློབ་གྲྭ། སྨན་ཁང་སོགས་སྡེ་ཁག་དག་གིས་ཀྱང་སྔ་རྗེས་སུ་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་བ་རེད།


བྱམས་སེམས་ཀྱི་ལག་ཟུང་།

གནོད་འཚེ་ལ་སྙིང་རྗེ་མེད་རུང་། མི་ཡུལ་དུ་སྙིང་རྗེ་ཡོད།

གསར་འགོད་པ། ཚེ་དབང་རིག་འཛིན།