མཚོ་ཤར་གྲོང་ཁྱེར་གྱི་སྨན་རྫས་ཁེ་ལས་མི་འདྲ་བ8ལ་དག་ཐེར་བཅོས་སྒྲིག་བྱེད་པའི་བཀའ་ཡིག་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ལམ་མཚོ་ཤར་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་འབྲེལ་ཡོད་ཚན་ཁག་གི་ཁྲིམས་འཛིན་མི་སྣ་འདེམས་སྒྲུག་བྱས་ཏེ་ལྟ་སྐུལ་ཚོ་ཆུང་བཙུགས་ནས། རྫོང་ཁག་དྲུག་གི་ས་ཁུལ་མི་འདྲ་བ་དག་ལ་སྨན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཐད་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས། དེའི་སྐབས་སུ་ཁེ་ལས་མི་འདྲ་བ8ལ་དག་ཐེར་བཅོས་སྒྲིག་བྱེད་པའི་བཀའ་བརྡ་བཏང་ཞིང་ཁེ་ལས2ལ་ཉེན་བརྡ་བརྒྱབ་པ། སྨན་ཐོ་མེད་པའི་སྨན་རྫས་ཕྱིར་འཚོང་གི་ཁེ་ལས1ལ་ཐོ་འགོད་བྱས་ཏེ་རྩད་གཅོད་ཞིབ་བཤེར་བྱས། སྨན་རྫས་ཁང་གཞན་ཞིག་ལ་སྨན་ཐོ་དང་རིགས་བཀར་སྨན་ཐོ་མེད་པའི་སྨན་རྫས་ཕྱིར་འཚོང་བྱེད་པ་མཚམས་འཇོག་པའི་བཀའ་ཡང་ཕབ།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱིས“སྨན་རྫས་ཀྱི་བདེ་འཇགས་འགེབས་སྲུང་བྱེད་པའི་མདའ་མོ”དང“ཀྲུང་ལུགས་སྨན་རྫས་ཀྱི་བཏུང་བྱ་ལེབ་མོ།” “སྨན་བཅོས་འཕྲུལ་ཆས་ཀྱི་སྤུས་ཚད་བདེ་འཇགས”སོགས་ཆེད་དོན་བཅོས་སྒྲིག་བྱ་བ་དེ་ལྟ་སྐུལ་གཙོ་བོར་བཟུང་ཡོད། སྙན་ཞུའི་ཡིག་ཆ་ལ་ཉན་པ་དང་དཔྱད་གཞིའི་ཡིག་ཆ་ཀློག་པ། དུས་ངེས་མེད་དུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལྟ་སྐུལ་ནན་མོ་བྱས། ལྟ་སྐུལ་ཁྲོད་དུས་ངེས་མེད་དུ་སྨན་རྫས་ཚོང་གཉེར་བྱེད་པའི་ལས་ཁུངས་དང་མཁར་གྲོང་གི་མཐུད་སྦྲེལ་པུའུ། ཞིང་སྡེ་ས་ཁུལ་སོགས་ཁྱབ་ཁོངས་གཙོ་བོར་བཟུང་སྟེ། སྡེ་བའི་འཕྲོད་བསྟེན་དང་དང་མི་སྒེར་གྱི་སྒོ་བསྟེན་ཁང་། སྨན་རྫས་ཕྱིར་འཚོང་ཁང་སོགས་ལྟ་སྐུལ་ཁ་གཏད་དམིགས་འབེན་གཙོ་བོར་བཟུང་ཡོད།

དེ་དང་ཆབས་ཅིག་ཐོན་རྫས་མཁོ་འདོན་ཕྱོགས་ཀྱི་ཐོན་རྫས་ཀྱི་སྤུས་ཚད་དང་སྨན་རྫས་ཀྱི་འགོ་ཁུངས་ལ་ཞིབ་བཤེར་ནན་མོ་བྱས། དེ་མིན་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཉོ་བསྡུ། ཞིབ་བཤེར། གསོག་ཉར། བེད་སྤྱོད་སོགས་ཀྱི་གོ་རིམ་ཐད་ཀྱི་རྒྱུ་སྤུས་བདག་དོམ་ལམ་ལུགས་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ཡང་ཁྱོན་ཡོངས་ནས་ཞིབ་བཤེར་ནན་མོ་བྱས། དམངས་གཉེར་སྨན་ཁང1དང་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་གླིང9 སྡེ་བ་རིམ་པའི་སྨན་བཅོས་སྒྲིག་གཞི25 སྨན་རྫས་ཕྱིར་འཚོང་ཁེ་ལས94བཅས་ལ་ཞིབ་བཤེར་རྩད་གཅོད་ནན་མོ་བྱས། སྨན་རྫས་ཀྱི་རྒྱུ་སྤུས་བདག་དོམ་མི་སྣ་དང་འགན་ཁུར་མི་སྣའི་སྨན་རྫས་ཉོ་བསྡུ་དང་་སྐྱེ་དངོས་ཐོན་རྫས་ཀྱི་སྐྱེལ་འདྲེན་དང་གསོག་ཉར། སྲུང་སྐྱོབ། བེད་སྤྱོད་སོགས་ཀྱི་གོ་རིམ་སོ་སོའི་ཐད་ཀྱི་མཉམ་འཇོག་བྱེད་ཡུལ་གཙོ་བོ་དག་གཙོ་བོར་བཟུང་སྟེ་མཛུབ་སྟོན་ནན་མོ་བྱས་ཤིང་། རྒྱུ་སྤུས་ཀྱི་ཉེན་ཁའི་ཚད་གཞིར་ཞིབ་འཇུག་གསལ་བོ་བྱས་ནས། སྨན་རྫས་བདེ་འཇགས་བྱ་བའི་ཉེན་ཁ་མེད་པར་བཟོས།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་ལྟ་སྐུལ་ཅུའུ་ཡིས་སྔར་ལས་གོམ་གང་མདུན་སྤོས་སྒོས་ཉིན་རྒྱུན་གྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་ནན་མོར་སྒྲུབ་ནས། ཞིབ་བཤེར་ཁྲོད་ཤེས་རྟོག་བྱུང་བའི་གནད་དོན་ཐད་ལ་རྗེས་འདེད་ལྟ་སྐུལ་ནན་མོ་བྱས་ཏེ་བཅོས་སྒྲིག་ཡོ་བསྲང་དངོས་འབེབས་བྱས། ད་རུང་མུ་མཐུད་དུ“སྨན་རྫས་བདེ་སྲུང་མདའ་མོ”སོགས་ཆེད་དོན་དག་ཐེར་བྱ་འགུལ་ལ་སྐུལ་འདེད་བྱས་ཏེ། ཆེད་དོན་ཞིབ་བཤེར་བྱ་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་ཅན་ཏུ་བཏང་། དེར་མ་ཟད་དངོས་ཡོད་ལག་བསྟར་ཆོག་པའི་ལྟ་སྐུལ་བདག་དོམ་གྱི་སྒྲིག་གཞིར་འཚོལ་བཤེར་འཛུགས་བསྐྲུན་བརྒྱུད། སྨན་རྫས་ཚོང་གཉེར་བྱེད་པའི་ཁེ་ལས་ཀྱི་ལག་བསྟར་སྨན་པའི་སྒྲིག་ཆས་དང་ལས་འགན་བྱ་སྤྱོད་ཐད་ལ་ལྟ་སྐུལ་བདག་དོམ་བྱེད་པར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱིས་སྨན་རྫས་བཀོལ་བའི་བདེ་འཇགས་བྱ་བར་ཁག་ཐེག་འགན་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།