ཞིང་ཆེན་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས་པ།

ཟླ8ཚེས16ཉིན་གྱི་ཕྱི་དྲོ། ཞིང་ཆེན་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱིས་ཞིང་ཆེན་རིག་གནས་ཁང་གི་སྐར་ཚོམ་ཟློས་གར་ཁང་དུ“མེས་རྒྱལ་ལ་བསྟོད་བསྔགས་དང་མཚོ་སྔོན་གྱི་མཛེས་སྡུག”ཅེས་པའི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས།

རྟེན་འབྲེལ་ཞུ་བའི་བྱ་འགུལ་དེའི་ཁྲོད་ཞིང་ཆེན་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱིས་བྱ་འགུལ་ལྟེ་གནས་དེས་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལ་འབུར་ཐོན་ཅན་གྱི་བྱས་རྗེས་བཞག་པའི་ཐུན་མོང་གི་མཐུན་ཚོགས་དེའི་བློ་མཐུན་རྒན་པ་ལ་གཟེངས་བསྟོད་བྱས། དེ་དང་ཆབས་ཅིག་བློ་མཐུན་རྒན་པ་དག་གིས་ལོ་ན་བགྲེས་རུང་སློབ་སྦྱོང་ཐུབ་པ་དང་ལོ་ན་བགྲེས་རུང་སྤྲོ་སྐྱིད་ལྡན་པ། ལོ་ན་བགྲེས་རུང་རྒྱབ་རྟེན་ཡོད་པའི་ཆབ་སྲིད་ཀྱི་བརྩེ་སེམས་ལ་བཅངས་པའི་སེམས་ཤུགས་ལ་སྔར་ལས་ངར་སློང་བ་དང་བློ་མཐུན་རྒན་པ་དག་གིས་བློ་དང་རིག་པ་གྲིམ་པོ་དེ་ཕྱིར་མངོན་ཆེད། རིག་རྩལ་བྱ་འགུལ་ཐེངས་ཤིག་སྤེལ་བ་རེད། བློ་མཐུན་རྒན་པ་དག་གི་བརྩེ་སེམས་དྲོན་མོ་དང་སྙན་དབང་གསོ་བའི་གླུ་སྐད་སྙན་མོས་མེས་རྒྱལ་ལ་གུས་འདུད་ཞུ་བའི་བསྟོད་གླུ་བླངས་པ་མ་ཟད། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་གྱི་སྨོན་འདུན་ཡང་ཞུས། བློ་མཐུན་རྒན་པ་དག་གིས་འཕྲོ་རིམ་འཕྲོར་བསྟན་དོན། ཐེངས་འདིའི་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱིས་རྒྱ་ཆེའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དག་གིས་མེས་རྒྱལ་གྱི་རིག་གནས་འཕེལ་རྒྱས་ཆེན་མོ་དང་དར་རྒྱས་ཆེན་མོའི་ཁྲོད་ཉམས་པ་མེད་པའི་དཔའ་སྤོབས་ཀྱི་བྱས་རྗེས་དག་ཀྱང་མངོན་པར་མཚོན་དུ་བཅུག ད་རུང་བློ་མཐུན་རྒན་པ་དག་གིས་ཏང་དང་མི་དམངས། མེས་རྒྱལ་བཅས་ལ་བཅངས་པའི་བརྩེ་བ་དང་རླབས་ཆེ་བའི་ཀྲུང་གོའི་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་ཆེས་བརྟན་པོ་དང་མཛེས་སྡུག་གི་མཛེས་ལྗོངས་ལས། རྗེས་ཕྱོགས་སུ་བྱེད་ནུས་འདོན་སྤེལ་གང་ལེགས་དང་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བཅས་ཀྱིས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་ནས་བྱེད་ནུས་ངེས་ཅན་དར་སྤེལ་ཐད་ལ་གྲུབ་འབྲས་ལེགས་པོ་ཞིག་ལེན་རྒྱུ་ཡིན་པ་རེད།

ཞིང་ཆེན་ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་གསར་འཛུགས་དང་སྒོ་འབྱེད་བྱས་པའི་ལོ་ངོ30ཡི་རིང་ལ། ལས་བྱེད་པ་རྒན་པའི་བྱ་འགུལ་ཚོགས་པ10ལྷག་གསར་་འཛུགས་བྱས་ཤིང་། བྱ་འགུལ་གྱི་ཚོང་རྟགས་མི་འདྲ་བ་མང་པོ་ཞིག་གསར་སྐྲུན་བྱས། རྒྱ་ཆེའི་ལས་བྱེད་རྒན་པ་དག་གི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏང་བ་དང་ཆབས་ཅིག སྤྱི་ཚོགས་སྟེང་དུ་བློ་མཐུན་རྒན་པ་དག་ལོ་ན་བགྲེས་རུང་སློབ་སྦྱོང་ཐུབ་པ་དང་ལོ་ན་བགྲེས་རུང་སྤྲོ་སྐྱིད་ལྡན་པ། ལོ་ན་བགྲེས་རུང་རྒྱབ་རྟེན་ཡོད་པའི་སྙིང་སྟོབས་ཀྱི་རྣམ་པ་དེ་ངོམ་ནས་བློ་མཐུན་རྒན་པ་དག་གིས་སློབ་སྦྱོང་གི་བྱེད་སྒོའི་ཐད་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཐུབ་པ་མ་ཟད། མང་ཚོགས་ཀྱི་རིག་གནས་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་ཞིག་འཇོག་པར་སྐུལ་འདེད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།