གོམ་སྟབས་ཆེན་པོས་བོད་ལྗོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པར་བསྐྱོད་པ།

—བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྗེས་དྲན་ཞུ་བ།

ཡིའུ་ཆོན།

ད་ལོ་ནི་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་ལ། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་བརྒྱ་ཕྲག་བཅིངས་བགྲོལ་བཏང་ནས་ལོ་ངོ་60འཁོར་བའི་ལོའང་ཡིན། ལོ་60ཡི་སྔོན་དུ། ང་ཚོའི་ཏང་གིས་བོད་ལྗོངས་སུ་འགོ་ཁྲིད་བྱེད་པའི་དམངས་གཙོའི་བཅོས་སྒྱུར་ནི། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ཏེ། བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ལ་འགྱུར་ལྡོག་ཟབ་མོ་བྱུང་ལ། རང་རྒྱལ་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྒྱུར་དང་ཐ་ན་མི་རིགས་ཡོངས་ཀྱི་གནད་དོན་ཐག་གཅོད་བྱས་པའི་དཔེ་མཚོན་རླབས་ཆེན་ཞིག་ཀྱང་ཡིན། ལོ་ངོ་60རིང་། ཏང་ཀྲུང་དབྱང་གིས་ཡང་དག་པའི་འགོ་ཁྲིད་འོག བོད་ལྗོངས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་རླབས་ཆེན་བླངས་ཏེ། གོམ་སྟབས་ཆེན་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་དུས་རབས་གསར་པར་བསྐྱོད།

གཅིག དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་ལྗོངས་ཀྱི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་གཏོང་བའི་དུས་རབས་གསར་པ་ཞིག་ཕྱེ།

བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནི། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་ནང་དོན་གལ་ཆེན་ཞིག་དང་། སྔོན་ཐོན་གྱི་སྤྱི་ཚོགས་རྣམ་པས་རྗེས་ལུས་རུལ་སུངས་ཀྱི་སྤྱི་ཚོགས་རྣམ་པ་ཚབ་བྱས་པའི་ལྡོག་མེད་ཀྱི་འབྲས་བུའང་ཡིན། དམངས་གཙོའི་བཅོས་སྒྱུར་བདེ་བླག་ངང་སྤེལ་བ་ལས། བོད་ལྗོངས་ཀྱི་ལོ་རྒྱུས་སྟེང་གི་ཆེས་ཡོངས་ཁྱབ་དང་ཆེས་གཏིབ་ཟབ། ཆེས་རླབས་ཆེ་བའི་ལོ་རྒྱུས་ཀྱི་འགྱུར་བ་མངོན་འགྱུར་བྱུང་ཡོད་ལ། ནམ་ཡང་བརྗེད་མི་རུང་བའི་བོད་ལྗོངས་ལོ་རྒྱུས་ཐོག་གི་རྡོ་རིང་ཞིག་ཡིན།

དམངས་གཙོའི་བཅོས་སྒྱུར་ནི་བོད་ལྗོངས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་གདམ་གསེས་གལ་ཆེན་ཡིན། དམངས་གཙོའི་བཅོས་སྒྱུར་སྔོན་གྱི་བོད་ལྗོངས་རྙིང་པས་ཆོས་སྲིད་ཟུང་འབྲེལ་དང་བཀས་བཀོད་བརྒྱུད་འཛིན་གྱི་མངའ་བདག་ལ་ས་ཞིང་ཡོད་ཚད་དབང་བའི་ལམ་ལུགས་དང་། ཞིང་བྲན་གྱི་མི་ལུས་ཀྱང་མངའ་བདག་ལ་དབང་བ་རྨང་གཞིར་བྱས་པའི་བཀས་བཀོད་བརྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ལག་ལེན་བསྟར་བ་རེད། ལམ་ལུགས་འདིས་བོད་ལྗོངས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་ཚབས་ཆེན་དང་། བོད་ལྗོངས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ། མི་གྲངས་ཇེ་ཉུང་འགྲོ་བ། ཞིང་བྲན་གྱི་འཚོ་བ་ཐབས་ཆག་པར་བཟོས་ཏེ། སྤྱི་ཚོགས་ཧྲིལ་པོའི་དཔལ་འབྱོར་རིག་གནས་ཡུན་རིང་པོར་འཕེལ་མེད་དུ་གནས། དུས་དེར། བོད་ལྗོངས་ཀྱི་མི་འབོར་ཡོངས་ཀྱི་5%ཟིན་པའི་མངའ་བདག་ཆེན་པོ་གསུམ་(སྲིད་གཞུང་རྙིང་པ། སྐུ་དྲག མཐོ་རིམ་གྲྭ་བཙུན་)གྱིས་ཕལ་ཆེར་བོད་ལྗོངས་ཀྱི་ས་ཞིང་ཡོད་ཚད་དང་ཕྱུགས་ཟོག་མང་ཆེ་བ་བདག་བཟུང་བྱས། འོན་ཏེ་བོད་ལྗོངས་ཀྱི་མི་འབོར་ཡོངས་ཀྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་ནི་“སྨྲ་ཤེས་པའི་ལག་ཆ་”ཙམ་ལས། ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་པ། ཆེས་མ་མཐའི་ཆབ་སྲིད་ཀྱི་དབང་ཆ་དང་སྤྱི་ཚོགས་ཀྱི་དབང་ཆ། རིག་གནས་སློབ་གསོ་མྱོང་བའི་དབང་ཆ་སོགས་མེད། ཞིང་བདག་གིས་སྡུག་རྩུབ་ཆེ་བའི་དཔལ་འབྱོར་བཤུ་གཞོག་དང་ཆབས་ཅིག་ཏུ་ཆབ་སྲིད་དང་བསམ་བློའི་ངོས་ཐད་ནས་མི་དམངས་ལ་གྲལ་རིམ་གྱི་དབང་སྒྱུར་དང་གཉའ་གནོན་ཛ་དྲག་བྱས། བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་རུལ་སུངས་འདི་རིགས་མེད་པར་བཟོས་ཏེ། དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱེད་པ་ནི་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཡར་ལངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བདག་པོར་གྱུར་པའི་ལྡོག་ཏུ་མེད་པའི་གདམ་གསེས་ཡིན་ལ། བོད་ལྗོངས་སྤྱི་ཚོགས་ཀྱི་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་པའི་འགལ་བ་ཐག་གཅོད་དང་ཤིན་ཏུ་དབུལ་བའི་རྗེས་ལུས་ཀྱི་རྣམ་པ་སྒྱུར་བཅོས་བྱེད་པའི་རྩ་བའི་ཐབས་ལམ་ཡང་ཡིན་ཞིང་། ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ཁ་ཕྱོགས་ལའང་མཐུན།

དམངས་གཙོའི་བཅོས་སྒྱུར་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རླབས་ཆེན་གྱི་གསར་གཏོད་ཅིག་ཡིན། 1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་བོད་ལྗོངས་མི་དམངས་ཀྱི་བསམ་འདུན་དྲག་པོ་དང་བསྟུན་ཏེ་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་། 1951ལོའི་ཟླ་5པར། 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་ཀྱི་བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་མཐུན་》བཞག་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་། བོད་ལྗོངས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་དངོས་ཡོད་ཀྱི་ཐུན་མིན་རང་བཞིན་ལ་གཞིགས་ཏེ། ཏང་ཀྲུང་དབྱང་གིས་བོད་ལྗོངས་སྤྱི་ཚོགས་ཀྱི་ལམ་ལུགས་བཅོས་སྒྱུར་ལ་ཧ་ཅང་གཟབ་ནན་བྱས་ལ། ཕྱོགས་གཅིག་ནས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་བཅོས་སྒྱུར་ལས་དོན་སོ་སོར་བཙན་གནོན་མི་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་“བོད་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་རང་མོས་ཐོག་བཅོས་སྒྱུར་བྱེད་དགོས་ཤིང་། མི་དམངས་ཀྱིས་བཅོས་སྒྱུར་རེ་འདུན་བཏོན་དུས་བོད་ལྗོངས་ཀྱི་འགོ་ཁྲིད་མི་སྣར་གྲོས་མོས་བྱས་ཏེ་ཐག་གཅོད་བགྱི་དགོས་པ་”གཏན་ལ་ཕབ། བོད་ཞི་བས་བཅིངས་གྲོལ་ཐོབ་པའི་ལོ་ངོ་8ཀྱི་རིང་ལ། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་ཀྱི་བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་མཐུན་》འགན་སྲུང་དང་ལག་བསྟར་གནང་སྟེ། གང་ནུས་སྒོས་ཞི་བའི་ཐབས་ཀྱིས་དམངས་གཙོའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་། ཡིན་ན་ཡང་། བོད་ལྗོངས་ཀྱི་མཐོ་རིམ་ལོག་སྤྱོད་ཚོགས་པས་ཅི་ནུས་ཀྱིས་བོད་ལྗོངས་རྙིང་པའི་བཀས་བཀོད་བརྒྱུད་འཛིན་གྱི་ཞིང་བདག་གྲལ་རིམ་གྱི་དབང་སྒྱུར་འགན་སྲུང་དང་། བཙན་རྒྱལ་རིང་ལུགས་ཀྱི་སྐུལ་སློང་དང་རྒྱབ་སྐྱོར་འོག 1959ལོའི་ཟླ་3པའི་ཚེས་10ཉིན་《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་ཀྱི་བོད་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་མཐུན་》མངོན་སུམ་འཛེམ་མེད་དུ་རྩིས་མེད་བཏང་སྟེ། མེས་རྒྱལ་ཁ་བྲལ་ལ་བློ་ངན་བཅངས་པ་དང་ནམ་ཡང་བཀས་བཀོད་བརྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བྱས། རྒྱལ་ཁབ་ཕྱི་ནང་གི་ཁ་བྲལ་རིང་ལུགས་ཚོགས་པའི་རྩིང་སྤྱོད་ལ་ཁ་གཏད་དེ། ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་དེ་དྲག་སྤྱོད་ངོ་ལོག་དེ་མ་ཐག་ཏུ་རྩ་མེད་དུ་བཏང་སྟེ། ཕྱོགས་ཡོངས་ནས་དམངས་གཙོའི་བཅོས་སྒྱུར་ལག་བསྟར་བྱས། 1959ལོའི་ཟླ་3པའི་ཚེས་28ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་འབེབས་ཏེ། ཉིན་དེ་ནས་བཟུང་བོད་ལྗོངས་ཀྱི་ས་གནས་སྲིད་གཞུང་མེད་པར་བཟོ་རྒྱུའི་ཐག་བཅད་པ་དང་། སྒྱུར་བཅོས་བྱེད་པའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱིས་ས་གནས་སྲིད་གཞུང་གི་འགན་དབང་སྤྱད་པས། ལོ་ངོ་སྟོང་ཕྲག་རིང་གི་བོད་ལྗོངས་ཀྱི་བཀས་བཀོད་བརྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྩ་མེད་དུ་སོང་བ་དང་། བོད་ལྗོངས་ཀྱི་ལོ་རྒྱུས་གསར་པའི་རྣམ་པ་གསར་པ་ཞིག་ཕྱེ།

དམངས་གཙོའི་བཅོས་སྒྱུར་ནི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཡིན། ཐེངས་འདིའི་དམངས་གཙོའི་བཅོས་སྒྱུར་གྱིས་ཞི་བའི་གྲོས་མོལ་བྱ་ཐབས་སྤྱད་དེ་བོད་ལྗོངས་ས་ཁུལ་དུ་ས་ཞིང་གསར་བརྗེ་དང་། དགོན་སྡེའི་སྒྱུར་བཅོས། ཞིང་བྲན་བཅིངས་འགྲོལ། ལས་ཁྲལ་དང་སྐྱེད་ཆེའི་བུ་ལོན་མེད་པ་བཟོ་རྒྱུ་བཅས་ནང་དོན་གཙོ་བོར་བྱས་པའི་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྒྱུར་ལག་བསྟར་བྱས། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོ་གཅིག་གྱུར་གྱི་མི་རིགས་དམངས་གཙོའི་གསར་བརྗེའི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་དེ་བོད་ལྗོངས་སུ་རྒྱུན་མཐུད་དང་སྣུར་སྲིང་བྱས་པ་ཞིག་ཡིན་པས། སྔོན་ཐོན་གྱི་སྤྱི་ཚོགས་རྣམ་པས་རུལ་སུངས་རྗེས་ལུས་ཀྱི་སྤྱི་ཚོགས་རྣམ་པའི་ཚབ་བྱས་ཐུབ་པ་བྱུང་། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་གཉའ་གནོན་ལམ་ལུགས་མེད་པར་བཟོས་ནས། དེ་སྔའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོར་བརྟེན་པ་དང་། བཀྲེས་ལྟོགས་དང་ཤི་ལ་ཁད་པའི་ཞིང་བྲན་དང་བྲན་གཡོག་ཁྲི་ཕྲག་གི་ལུས་སྟེང་གི་ལྕགས་སྒྲོག་འགྲོལ་ནས་བཅིངས་འགྲོལ་ཐོབ་སྟེ། བོད་ལྗོངས་གསར་པའི་བདག་པོ་དང་རྒྱལ་ཁབ་ཀྱི་བདག་པོར་གྱུར། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་ཞིང་བྲན་བདག་པོར་དབང་བའི་ལམ་ལུགས་མེད་པར་བཟོས་པ་དང་། ས་ཞིང་ཞིང་པར་དབང་བའི་ལམ་ལུགས་ལག་ལེན་དུ་བསྟར་བས། དེ་ནས་བཟུང་ཞིང་བྲན་དང་བྲན་གཡོག་ལ་རང་ཉིད་ཀྱི་ཐོན་སྐྱེད་རྒྱུ་ཆ་ཡོད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེར་ཐོབ། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་གྲྭ་བཙུན་དང་སྐུ་དྲག་གི་སྲིད་དབང་སྒེར་འཛིན་མེད་པ་བཟོས་ནས་ཆོས་སྲིད་ལོགས་སུ་དབྱེ་སྟེ། རིམ་པ་ཁག་གི་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པ་དང་། ཆོས་དད་རང་མོས་ཚུད་པའི་བོད་ལྗོངས་མི་དམངས་ཀྱི་ཁེ་དབང་ཁག་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ། དམངས་གཙོའི་བཅོས་སྒྱུར་བདེ་བླག་ངང་ལེགས་གྲུབ་བྱུང་བས་མཐའ་གཅིག་ཏུ་བོད་ལྗོངས་ཀྱི་སྤྱི་ཚོགས་རྣམ་པ་དང་ཆབ་སྲིད་ཁོར་ཡུག་ལ་འགྱུར་ལྡོག་བཏང་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། བོད་ལྗོངས་འདི་ཉིད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་བདེ་བགྲོད་ལམ་ཆེན་ཐོག་བསྐྱོད་པར་སྐུལ་འདེད་བཏང་སྟེ། བོད་ལྗོངས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་ལེའུ་གསར་པ་རྒྱུན་ཆད་མེད་པར་འབྱེད།

གཉིས། ཏང་གི་བོད་སྐྱོང་ཐབས་ཇུས་ཀྱིས་བོད་ལྗོངས་ཀྱི་ལས་དོན་མུ་མཐུད་ནས་གྲུབ་འབྲས་གསར་པ་ཐོབ་པར་ཁ་ཕྱོགས་སྟོན་བཞིན་ཡོད།

བོད་ལྗོངས་ཀྱི་ལས་དོན་ནི་སྔར་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་60ལྷག་གི་རིང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ནས་དུས་ཡུན་རིང་པོའི་ལག་ལེན་གྱི་བརྒྱུད་རིམ་ནང་ཏང་གི་བོད་ལྗོངས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་མུ་མཐུད་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་བོད་ལྗོངས་འབྱུང་འགྱུར་ལ་ཕྱོགས་པའི་བརྗིད་ཆེའི་འཆར་གཞི་འགོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་མཐོར་འདེགས་བྱུང་བ། སྤྱི་ཚོགས་ཀྱི་ཁྱོན་ཆེན་རྒྱུན་མཐུད་དུ་བརྟན་ལྷིང་ཡོང་བ་བཅས་ཀྱི་རྣམ་པ་གསར་པ་བཏོད།

བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་གསར་གཏོད་རང་བཞིན་གྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་སྤྱད་དེ་བོད་ལྗོངས་སུ་དཀའ་སྤྱད་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། བཙན་རྒྱལ་རིང་ལུགས་ཀྱིས“བོད་རང་བཙན”བཟོ་རྒྱུའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས། དམངས་གཙོའི་བཅོས་སྒྱུར་ལེགས་གྲུབ་བྱུང་ནས་བོད་ལྗོངས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས། བོད་རང་སྐྱོང་ལྗོངས་བཙུགས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་། བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་འགོ་ཚུགས་པ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། བློ་མཐུན་ཏེང་ཞའོ་ཕིན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་ཐེངས་གཉིས་པ་འཚོགས་ནས་བོད་ལྗོངས་ཀྱི་དམིགས་བསལ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་། བོད་ལྗོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་མུ་མཐུད་ནས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་དམིགས་བསལ་སྲིད་ཇུས་དང་སྟབས་བསྟུན་བྱེད་ཐབས་རབ་དང་རིམ་པ་བཟོས་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་ཆེ་ཙམ་བྱུང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ལྟོ་གོས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་བཅས་བྱུང་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་བློ་མཐུན་ཅང་ཙེ་རྨིན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་འཚོགས་ཏེ། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བརྟན་ལྷིང་ཡོང་བར་དམིགས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བོད་ལྗོངས་ཀྱི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་སློང་བྱས་ཏེ་བོད་ལྗོངས་ཀྱི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་རྗེས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་སྒུག་གསར་པར་དམིགས་ནས། བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་དུས་རབས་གསར་པ་དང་དུས་མཚམས་གསར་པའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་དང་བྱེ་བྲག་གི་ལས་འགན་སྔར་བས་ཁ་གསལ་བཟོས་པ་དང་། 2008ལོའི་“3•14”ཡི་གཏུམ་སྤྱོད་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་འོས་འཚམ་འཇལ་བས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་མཛེས་སྡུག་ལྡན་པའི་མདུན་ལམ་མངོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་སྟེ་གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། མཛུབ་སྟོན་དང་མཆན་བཀོད་རབ་དང་རིམ་པ་གནང་བ། འདུ་ཤེས་གསར་པ་དང་དགོངས་པ་གསར་པ་དང་འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན། ལྷག་པར་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏང་གི་བོད་སྐྱོང་ཐབས་ཇུས་ཐོག་མར་བཏོན་པ་སྟེ། ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱེད་དགོས། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། ཏཱ་ལའི་ཚོགས་ཁག་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭའི་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཆེན་གཉིས་སྤྱི་འདོམས་བྱེད་པའི་ཁྲོད་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། ངེས་པར་དུ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་སུ་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཏང་གི་བོད་སྐྱོང་ཐབས་ཇུས་ནི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ལ། ང་ཚོས་དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཀྱང་ཡིན།

ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་མཛུབ་སྟོན་འོག བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡུན་རིང་བདེ་འགོད་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། གནད་སྨིན་དབུལ་སྒྲོལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འཕེལ་རྒྱས་མངོན་སུམ་དུ་ཕྱིན། ལྷག་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ལོ་ལྔ་ཚན་བཅུ་གཉིས་པ་”དང“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་བྱས་པ་དང་། བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི་”རིང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་གཞི་ཁོ་ནར་སྒོར་དུང་ཕྱུར་6576ཟིན་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག བོད་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་26རིང་བསྟུད་མར་གྲངས་གནས་གཉིས་འཕར་བ་དང་། 2016ལོ་དང་2017ལོ་དང་2018ལོ་རེ་རེ་བཞིན་དུ་སྒོར་དུང་ཕྱུར་1148དང་སྒོར་དུང་ཕྱུར་1330དང་སྒོར་དུང་ཕྱུར་1477བཅས་ཟིན་ཞིང་། རིམ་པ་བཞིན་དུ་11.5%དང་11%དང་10%བཅས་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་10%ཡན་འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་13%ཙམ་འཕར་ཡོད། མིག་སྔར་བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འགོད་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་ཞིང་འབྲོག་ཁུལ་གྱི་གནོད་མེད་འཐུང་ཆུ་དང་གློག་མེད་ས་ཁུལ་གྱི་གློག་སྤྱོད་གནད་དོན་གཞི་རྩའི་ཆ་ནས་ཐག་བཅད་ཡོད། 2013ལོ་ནས་བཟུང་མི་ཁྲི་50ལྷག་ཙམ་གྱི་དབུལ་སྒྲོལ་ལས་འགན་ལེགས་འགྲུབ་བྱུང་། དེའི་ནང་2016ལོར་ལག་བསྟར་བྱས་པའི་མི་ཁྲི་7.7ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པ་ཚང་མ་གནས་སྡོད་བྱས་པ་དང་། 2017ལོར་བཀོད་སྒྲིག་བྱ་ཡུལ་437བསྐྲུན་པ་དང་110ཡི་ལས་མཇུག་འགྲིལ། 2018ལོར་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་མ་དངུལ་སྒོར་དུང་ཕྱུར་144.9བཏང་བ་དང་མི་ཁྲི་21.8གནས་སྤོ་བྱས་པ་རེད།

རང་རེའི་ཏང་གི་བོད་ལྗོངས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད་ལ། ཏང་གི་བོད་སྐྱོང་ཐབས་ཇུས་ནི་རྦད་དེ་ཡང་དག་ཡིན་པ་དང་། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པ། བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པ། བོད་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་གྱི་གཞི་རྩའི་ཆོས་ཉིད་མཚོན་པ། ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་དང་དངོས་ཡོད་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་པས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། ལྷོ་ནུབ་མཐའ་མཚམས་སྲ་བརྟན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ལའང་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་བྱས་ཡོད། ང་ཚོས་ཏང་གི་བོད་སྐྱོང་ཐབས་ཇུས་ལ་ཐོག་མཐའ་བར་གསུམ་དུ་གདེང་ཚོད་ཀྱིས་ཁེངས་པ་དང་འབྲེལ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དང་འཕེལ་རྒྱས་བཅས་ཡོང་བར་བྱེད་དགོས།

གསུམ། ནུས་ཤུགས་ཡོད་ཚད་ཀྱིས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བོད་ལྗོངས་ལས་དོན་གྱི་ལོ་རྒྱུས་ཀྱི་ངེས་གནས་གསར་པ་སྟངས་འཛིན་ནན་པོ་བྱེད་པ། འཐབ་ཇུས་ཀྱི་གཏིང་ཤུགས་རྒྱུན་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དུ་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་དགོས།

(གཅིག)ཆབ་སྲིད་ཀྱི་འདུ་ཤེས་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གིས་བོད་ལྗོངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་གྲུབ་འབྲས་མཐའ་དག་ནི་ཏང་གིས་བོད་ལྗོངས་མི་དམངས་འགོ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོད་མི་སྲིད་ལ། ཏང་གི་འགོ་ཁྲིད་ནི་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡིན། དེ་ནི་ལོ་ངོ་60ལྷག་ཙམ་རིང་གི་བོད་ལྗོངས་ལས་དོན་གྱི་ལག་ལེན་ཐོག་ནས་ར་འཕྲོད་བྱུང་བའི་བདེན་དོན་ཞིག་རེད། མིག་སྔར་བོད་ལྗོངས་ཀྱི་ལས་དོན་ལ་དུས་བབ་དང་ལས་འགན་གསར་པ་འཕྲད་ཡོད་པས། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆེས་རྩ་བ་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་སྐྱོང་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི་”ཇེ་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ནས་བོད་ལྗོངས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་འགན་ལེན་བྱེད་དགོས་པ་དེ་རེད། ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་བོད་ལྗོངས་ཀྱི་ལས་དོན་སོ་སོའི་ནང་ཏང་གི་འགོ་ཁྲིད་ནུས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ། རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་མཚོན་གྱི་ནུས་པ་བཅས་འདོན་སྤེལ་བྱེད་དགོས།

(གཉིས།)མི་དམངས་ལྟེ་བར་བྱེད་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་འབད་དགོས། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་ཡིན་པ་དང་། དམངས་འཚོ་ནི་དམངས་སེམས་དང་འབྲེལ་བ་ཡོད་ལ། དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེའི་ནང་གི་འགངས་ཆེན་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་བཅས་ཡིན། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་དེ་དམངས་ཕྱུག་བོད་དར་གྱི་རྩ་བའི་དམིགས་འབེན་དུ་བཟུང་ནས། མི་རིགས་ཁག་གི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མཉམ་སྤྱོད་ཐུབ་པ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་རྒྱབ་རྟེན་བྱས་ནས་ལས་དོན་ཡག་པོ་བསྒྲུབ་དགོས། སློབ་གསོ་དམིགས་བསལ་གྱི་གོ་གནས་སུ་བཞག་སྟེ་མི་སྤྱོད་བཟང་གསོ་སྐྱོང་བྱེད་རྒྱུའི་གཞི་རྩའི་ལས་འགན་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ། ཏང་དང་རྒྱལ་གཅེས་ལ་དགའ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་མཁན་གསོ་སྐྱོང་ཧུར་ཐག་བྱེད་དགོས། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲུབ་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལས་ཞུགས་དང་། སྨན་བཅོས། རྒན་གསོ། སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་ཐད་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་ལེགས་པའི་འགན་ལེན་བྱེད་དགོས།

(གསུམ།)དར་ཆ་གསལ་བསྒྲེང་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འགོད་ཡོང་བར་ཤུགས་རྒྱག་དགོས། བོད་ལྗོངས་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་ལས་དོན་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པ་དང་། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ན་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཡོང་བར་དོན་སྙིང་གལ་ཆེན་ལྡན། མིག་སྔར་ཏཱ་ལའི་ཚོགས་ཁག་གིས་སྔར་བཞིན་མེས་རྒྱལ་ཁ་བྲལ་གཏོང་བའི་ལངས་ཕྱོགས་དོར་མེད་པ་དང་བོད་ལྗོངས་སུ་སིམ་འཛུལ་དང་གཏོར་བཤིག་གཏོང་མཚམས་འཇོག་མེད། དུས་རབས་གསར་པའི་བོད་ལྗོངས་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་མཐའ་ཚད་ཀྱི་བསམ་བློ་འཛུགས་པ་དང་། ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། རྒྱུན་འཛིན་ལྷོད་མེད་དང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་དང་། ཡུན་རིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བ་མངོན་འགྱུར་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ལ་“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་། ཁ་བྲལ་དང་ཟིང་ཆ་ནི་ཆག་སྒོ་ཡིན་པ་”ངོས་འཛིན་ཟབ་མོ་བྱེད་དུ་འཇུག་དགོས་པ་དང་། རྒྱལ་ཁབ་གཅིག་གྱུར་དང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སོགས་དང་འབྲེལ་བའི་རྩ་དོན་གྱི་གནད་དོན་ཐོག་ཟ་ཟིར་གཏན་ནས་བྱེད་མི་རུང་བའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། དར་ཆ་གསལ་པོ་བསྒྲེངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ལྗོངས་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་རུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་གཏོར་བཤིག་གཏོང་མི་རུང་བ། བོད་ལྗོངས་ཀྱི་བདག་དབང་གཏོགས་ཁོངས་ལ་ཐེ་ཚོམ་ཟ་མི་རུང་བ། བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་འགོག་རྐྱེན་བཟོ་མི་རུང་བ་བཅས་གསལ་བསྒྲགས་བྱེད་དགོས།

(བཞི།)འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འཕེལ་རྒྱས་ནི་བོད་ལྗོངས་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་མིན་པ་དང་འཐུས་ཚང་མིན་པའི་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་དམ་པོར་བཟུང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་བཟུང་བ་། དཔལ་འབྱོར་སྐོར་གྱི་བོད་སྐྱོར་དང་། སློབ་གསོ་སྐོར་གྱི་བོད་སྐྱོར། ལས་ཞུགས་སྐོར་གྱི་བོད་སྐྱོར། ལས་བྱེད་པ་ཤེས་ལྡན་མི་སྣའི་སྐོར་གྱི་བོད་སྐྱོར་བཅས་ཀྱི་ལམ་སྲོལ་དང་བྱེད་སྟངས་གསར་གཏོད་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་ཆུ་ཚད་མཐོར་འདེགས་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་རྒྱུན་མཐུད་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་འཕེལ་རྒྱས་ཀྱི་མ་དངུལ་དང་རྣམ་གྲངས་ཞིང་འབྲོག་མང་ཚོགས་ལ་སྔར་བས་ཕྱོགས་པ་དང་། གཞི་རིམ་ལ་ཕྱོགས་པ། དབུལ་ཕོངས་ས་ཁུལ་ལ་ཕྱོགས་པ་བཅས་བྱས་ནས། བོད་ལྗོངས་དེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་ཁག་ཐེག་བྱེད་དགོས། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་”འདུ་ཤེས་ལག་ལེན་བསྟར་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཡུལ་སྐོར་ལས་རིགས་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བཅས་བྱེད་དགོས།

(ལྔ།)ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་ཆེད་སེམས་ཤུགས་གཅིག་ཏུ་བསྒྲིལ་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་བྱ་གཞག་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པས་ཏང་གི་བོད་ལྗོངས་ཀྱི་ལས་དོན་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ལྡན། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ། མི་སེམས་དང་སྟོབས་ཤུགས་དེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་ཏུ་བསྒྲིལ་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དེ་སྲོག་རྩ་ལྟ་བུར་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། “ཁྲིད་སྟོན་”ཐོག་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ལ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་ཡོང་བའི་ཁྲིད་སྟོན་བྱེད་པ། མངའ་ཁོངས་ཕྱི་རོལ་ནས་སིམ་འཛུལ་བྱེད་པར་སྔོན་འགོག་དང་བཀག་སྡོམ་མཐའ་གཅིག་ཏུ་བྱས་ཏེ། མཐའ་གཅིག་ཏུ་མི་རིགས་ཁ་བྲལ་སྟོབས་ཤུགས་དང་འཐབ་རྩོད་བྱེད་དགོས། མུ་མཐུད་དུ་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཀུན་གྱི་བློ་འགུ༿ག་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་གསོ་སྐྱོང་བྱེད་དགོས།

འགག་འཕྲང་དཀའ་བ་ལྕགས་དང་འདྲ་ཡང་། དེ་རིང་གོམ་པ་སྤོས་ནས་བརྒལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ། སེམས་ཤུགས་གཅིག་ཏུ་བསྒྲིལ་བ། སྟོབས་ཤུགས་ཡོད་རྒུས་མདུན་སྐྱོད་བཅས་བྱས་ཏེ་བོད་ལྗོངས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།