ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 9

(ལེ་ཚན་གོང་མའི་འཕྲོས་མཐུད།)

གཙང་སྦྲ་ལ་དགའ་བ་དང་ལག་པ་བཀྲུ་བར་བརྩོན་པ། རིམས་ནད་མཐར་སྤྲོད་གཏོང་དགོས།

ཐུམ་འབུའི་ནད་སྔོན་འགོག་བྱེད་པ།

1.ཐུམ་འབུའི་ནད་ཞེས་པ་དེ་ནད་ཇི་འདྲ་ཞིག་ཡིན་ནམ།

ལན། ཐུམ་འབུའི་ནད་ནི་ཚིའུ་ཆིའུ་རྒྱུ་སྲིན་ལེབ་མོའི་འབུ་སྲིན་གྱི་འབུ་སྒོང་དེ་མི་དང་སྲོག་ཆགས་སོགས་ལ་འགོས་པའི་མི་ཕྱུགས་གཉིས་ཀར་ཕོགས་པའི་གཞན་རྟེན་འབུ་སྲིན་གྱི་ནད་རིགས་ཤིག་ཡིན།

2.ཐུམ་འབུའི་ནད་ནི་འགོས་ནད་ཡིན་ནམ།

ལན། ཐུམ་འབུའི་ནད་ནི་འགོས་ནད་ག་བའི་རིགས་སུ་གཏོགས་ཤིང་། རྒྱལ་ཁབ་ཀྱིས་ཁྲིམས་གཏན་བདག་དོམ་བྱས་པའི་འགོས་ནད་ཡང་ཡིན། ངེས་པར་དུ་ཁྲིམས་ལ་བརྟེན་ནས་འགོག་སྲུང་སྨན་བཅོས་བྱེད་དགོས། ཐུམ་འབུའི་ནད་པའི་ནད་དེ་མི་ཕན་ཚུན་བར་ལ་འགོ་མི་ཐུབ། སྒོ་ཕྱུགས(ནོར་དང་ལུག)ཐུམ་འབུའི་ནད་ཅན་དེ་ཡང་མི་ལ་འགོ་མི་སྲིད། འོན་ཀྱང་མིས་འབུ་སྒོང་འགོས་ཁྱབ་བྱུང་བའི་ཆུ་དང་ཟས་རིགས་ཟོས་རྗེས་ད་བཟོད་ཐུམ་འབུའི་ནད་ཕོགས་ངེས།

3.ཐུམ་འབུའི་ནད་འགོས་ཁྱབ་བྱུང་བའི་འགོ་ཁུངས་གཙོ་བོ་ནི་ཅི་ཞིག་ཡིན་ནམ།

ལན། ཐུམ་ལྡན་ཐུམ་འབུའི་ནད་ཀྱི་འགོས་ཁྱབ་འགོ་ཁུངས་གཙོ་བོ་ནི་ཁྱི་དང་སྤྱང་ཀི་སོགས་ཡིན། ཝུ་ལྡན་ཐུམ་འབུའི་ནད་ཀྱི་འགོས་ཁྱབ་འགོ་ཁུངས་གཙོ་བོ་ནི་ཝ་མོ་དང་དེའི་འཕྲོར་སྤྱང་ཀི འཕར་བ། གྲུམ་པ། ཞི་ལ་བཅས་ཡིན།

4.མི་ལ་ཐུམ་འབུའི་ནད་འགོས་དུས་བརྒྱུད་ལམ་གཙོ་བོ་ནི་ཅི་ཞིག་ཡིན་ནམ།

ལན། འགོས་ནད་ཀྱི་བརྒྱུད་ལམ་གཙོ་བོ་ནི་འཇུ་ལམ་སྟེ། དེ་ཡང“ནད་ནི་ཁ་ནང་ནས་འཛུལ་བ”དབུགས་ལམ་བརྒྱུད་ནས་འགོ་བ་དང་སྐྱི་ལྤགས། རྨ་ཁ། སྐྱི་ཤུན་སོགས་ལས་ཀྱང་འགོ་སྲིད།

5.བུད་མེད་དང་བྱིས་པ་དག་ལ་ཐུམ་འབུའི་ནད་ཅིའི་ཕྱིར་ཕོགས་སླ་བ་ཡིན་ནམ།

ལན། ན་ཆུང་བྱིས་པ་དག་ཁྱི་ཕྲུག་དང་མཉམ་དུ་རྩེད་འཇོ་ལ་རོལ་རྒྱུར་དགའ་ཞིང་། དེའི་མི་ཚད་ཆུ་རྩེད་བྱེད་རྒྱུར་ཡང་དགའ། རྩེད་མོའི་རྗེས་སུ་ཆུ་གཙང་མས་ལག་པ་མ་བཀྲུས་པར་ཟ་མ་ཟ་བ་སོགས་ཀྱིས་འབུ་སྒོང་འགོས་པའི་ཟས་རིགས་ཟ་བའི་ཚད་གཞི་ཇེ་ཆེར་བཏང་ཡོད། བུད་མེད་དག་གིས་ཟ་མ་ལས་པ་དང་ལྭ་བ་བཀྲུ་བ། ཁྱིམ་ལས་བྱེད་པ་སོགས་ཀྱི་སྐབས་སུ་ཁྱི་གུ་དང་ཁྱི་རྟུག་གིས་སྦགས་བཙོག་ཐེབས་པའི་ཆུ་དང་གཟན་རྩྭ་སོགས་ལ་ཐུག་བཞིན་ཡོད་པས། དེས་ཀྱང་ཐུམ་འབུའི་ནད་འགོ་བའི་ཉེན་ཁ་ཇེ་ཆེར་བཏང་ཡོད།

6.ཁྲག་བླངས་ནས་རྫས་བཤེར་བྱས་པ་ཙམ་གྱིས་ཐུམ་འབུའི་ནད་ཡོད་པ་ངོས་འཛིན་བྱེད་ཐུབ་བམ།

ལན། ཁྲག་བླངས་ནས་རྫས་བཤེར་བྱེད་པ་ནི་ཞིབ་བཤེར་གྱི་རོགས་འདེགས་ཙམ་ཡིན་པས། ངེས་པར་དུBསྒྲ་བརྒལ་ལ་ཟུང་འབྲེལ་བྱས་ཏེ་ནད་དུག་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།

7.ཐུམ་འབུའི་ནད་དེ་མི་ལུས་ཀྱི་དབང་བོ་གང་དག་གི་ཁྲོད་བྱུང་བ་ཅུང་མང་།

ལན། ཐུམ་འབུའི་ནད་ནི་མི་ལུས་ཀྱི་ཆ་ཤས་གང་རུང་ལ་བྱུང་བ་དང་། དེའི་ཁྲོད་མཆིན་པའི་ཁྲོད་བྱུང་བ་ཆེས་མང་། དེའི་འཕྲོར་གློ་བ་དང་ཀླད་པ་ཡིན།

8.ཐུམ་འབུའི་ནད་གཞན་སྤོར་བྱེད་ཐུབ་བམ།

ལན། ཐུམ་འབུའི་ནད་གཞན་སྤོར་བྱེད་ཐུབ། སྤྱིར་བཏང་དུ་ཟུངས་ཁྲག་གི་འཁོར་རྒྱུག་དང་བསྟུན་ནས་ཟུངས་ཁྲག་མོད་སའི་དབང་བོའི་ནང་གཞན་སྤོར་བྱེད་ངེས།

9.ཐུམ་འབུའི་ནད་ལ་རྒྱུད་བརྒྱུད་ཡོད་དམ།

ལན། མེད། ཐུམ་འབུའི་ནད་ནི་ཁྱི་ལ་འགོས་པ་ལས་བྱུང་བའི་ནད་ཤིག་ཡིན།

10.ཐུམ་འབུའི་ནད་དར་ཁྱབ་ཆེ་བའི་སྡོད་དམངས་ས་ཁུལ་དུ་འཚོ་བ་རོལ་མཁན་གྱིས་ཐུམ་འབུའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།

ལན། ནམ་རྒྱུན་ཁང་བའི་ཕྱི་ནང་ལ་འཕྲོད་བསྟེན་གཙང་སྦྲ་བྱེད་པ་དང་། དཀར་ཡོལ་སོགས་གཙང་མར་བཀྲུ་དགོས་ཤིང་། བཀོལ་སྤྱོད་བྱེད་སྐབས་གཙང་མ་བྱ་དགོས། ཟ་མ་མ་ཟོས་པའི་ཡར་སྔོན་དུ་ལག་པ་བཀྲུ་བ་དང་ཟས་རིགས་རློན་པ་མི་ཟ་བ། ཆུ་འཁྱག་མི་འཐུང་བ། ཁྱི་གུའི་རིགས་སོགས་མིའི་སྡོད་ཤག་དུ་ཁྲིད་མི་འོངས་པ། ནོར་ལུག་གི་ནང་ཁྲོལ་ཁྱི་ལ་མི་སྟེར་བ། སྒོ་ཕྱུགས་ར་སྐོར་ནང་བཅུག་ནས་གསོ་ན་མི་ཞག་སྡོད་བྱེད་ཡུལ་དང་བར་ཐག་ངེས་ཅན་ཞིག་དགོས་པ། ལུད་སོགས་གཞི་གཅིག་ཏུ་སྤུངས་པ། ཆུ་འགོར་སྲུང་སྐྱོབ་བྱས་ཏེ་རྟུག་པ་སོགས་ཀྱིས་སྦགས་བཙོག་ཐེབས་པ་སྔོན་འགོག་བྱེད་པ།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།