ཞིང་ཆེན་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་རྟོག་ཞིབ་ཀྱི་གྲུབ་འབྲས་གླེང་བའི་ཚོགས་འདུ་བསྡུས་པ་དང་། རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་མཛད་ཅིང་གཏམ་བཤད་གནང་བ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་རྟོག་ཞིབ་ཀྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད་ལ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་འགོ་འཛིན་མཛད་ཅིང་གཏམ་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བརྗོད་བྱ་གཙོ་བོའི་སློབ་གསོའི་རྟོག་ཞིབ་ཀྱི་གྲུབ་འབྲས་དང་མཉམ་མྱོང་ཕན་ཚུན་བརྗེ་རེས་བྱས་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་དེ་བཞིན་ལས་ཁུངས་ཀྱི་ཏང་ཙུའུ། ཆེད་དོན་ཨུ་ལྷན་ཁག་གཅིག་བཅས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་།བློ་མཐུན6གིས་རྟོག་ཞིབ་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་གཏམ་བཤད་བྱས་པ་རེད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། བརྟག་དཔྱད་ཞིབ་འཇུག་ནི་བརྗོད་བྱ་གཙོ་བོའི་སློབ་གསོའི་རྨང་གཞི་ཡིན་ལ་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆེད་དོན་ཚོགས་འདུ་འཚོགས་ནས་ནན་ཏན་ངང་བསྒྲུབས་པ་རེད། ཏང་ཙུའི་ཁོངས་མི་དང་དེ་བཞིན་ལས་ཁུངས་ཀྱི་ཏང་ཙུའུ། ཆེད་དོན་ཨུ་ལྷན་ཁག་བཅས་ཀྱིས་ཏང་ཙུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་མིག་དཔེ་སྟོན་པ་དང་། རང་འགུལ་ངང་དོན་འཁྱོལ་དམ་འཛིན། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ། བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བཅས་བྱས་ནས“ཟུང་འབྲེལ་གསུམ”ཐུབ་པ་བྱས་པ་སྟེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་ཕྱིན་པ་དང་། གཉིས་ནི་གཞི་རིམ་གྱི་ལས་ཀར་མཛུབ་སྟོན་བྱ་རྒྱུ་ཟུང་འབྲེལ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་རིང་གཞི་རིམ་སྲིད་གྲོས་དང་གྲོས་མོལ་དང་གྲོས་བསྡུར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་མང་ཚོགས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་ཉམས་མྱོང་ཕྱོགས་བསྡོམས་སྔར་ལས་ལྷག་པ་དང་། གྲུབ་འབྲས་སྲ་བརྟན། གཞི་རིམ་ལ་ཁྲིད་སྟོན་བྱེད་ཐབས་ལེགས་བཅོས་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་དངོས་ཆེ་རུ་གཏང་དགོས་པ་དང་། གསུམ་ནི་རང་ངོས་ཀྱི་མི་འདང་ས་འཚོལ་ཞིབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་རིང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་དང་། མི་འདང་ས་དང་གནད་དོན་ཡོད་རིགས་ཞིབ་བཤེར་དང་འཚོལ་ཞིབ། རྐྱེན་རྩ་གནད་འཁེལ་འཚོལ་བ། དངོས་སྒྲུབ་ཀྱི་བྱེད་ཐབས་འདོན་པ་བཅས་བྱས་ཏེ་སྔོན་དཔག་གི་དམིགས་ཡུལ་འགྲུབ་པ་དང་། གོམ་སྟབས་རྗེས་མར་དག་ཐེར་ཡོ་བསྲང་དང་དོན་འཁྱོལ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་བསྟན།

རྡོ་རྗེ་རབ་བརྟན་གྱིས་གཅིག་ནས་གནད་དོན་ལ་དམིགས་ཏེ་དམ་འཛིན་དང་ལེགས་བཅོས་དངོས་འབྲེལ་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་གསེད་བཀྲོལ་ནན་ཏན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་གོ་རིམ་ཞན་སར་དམ་པོར་དམིགས་པ། གནད་དོན་གསལ་ཐོ་བཟོ་བ། དག་ཐེར་དང་ལེགས་བཅོས་ཇུས་གཞི་བཟོ་བ་བཅས་བྱས་ཏེ་འཕྲལ་སྐྱོད་འཕྲལ་བཅོས་དང་། དམ་པ་དོན་གཉེར་ཐད་ཤུགས་རྒྱག་པ། ཕན་འབྲས་ཐོན་པ་བཅས་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་དམ་འཛིན་དང་ཕན་འབྲས་ཆེ་རུ་གཏང་བར་སྐུལ་འདེད་གཏང་དགོས། གཉིས་ནི་རྟོག་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏང་རྒྱུར་སྣང་ཆེན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་དང་། བརྟག་དཔྱད་ཞིབ་འཇུག་གི་སློབ་ཚན་འདང་ངེས་སྒྲུབ་པ། གནད་སྨིན་གདམ་གསེས་དང་། གོ་རིམ་ཚད་ལྡན། ལམ་སྲོལ་འཐུས་ཚང་། ཆོས་ཉིད་ཁོང་དུ་ཆུད་པ་སོགས་ཀྱི་ལྷུ་ཚིགས་ནས་འགོ་བཙུགས་ཏེ་རེ་རེ་བཞིན་ཞིབ་འཇུག་ནན་ཏན་དང་། བརྟག་དཔྱད་ཞིབ་འཇུག་གི་རྨང་གཞི་བརྟན་དུ་གཏང་བ། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད། མི་དམངས་སྲིད་གྲོས་ཀྱི་ཐབས་འདོན་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏང་བ་བཅས་བྱེད་དགོས། གསུམ་ནི་མཉམ་འབྲེལ་རྟོག་ཞིབ་གཏིང་ཟབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཁྱད་ཆོས་མངོན་གསལ་དོད་དུ་གཏང་བ་དང་། དམངས་གཙོའི་ཏང་ཤོག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། སྤྱི་ཚོགས་ཀྱི་ཚོགས་པ་བཅས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏང་བ། མཉམ་འབྲེལ་བརྟག་དཔྱད་ཞིབ་འཇུག་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་བ། མཉམ་ཤུགས་ཆགས་པ་བཅས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱིས་ཕྱོགས་གཉིས་ལ་ཤུགས་འདོན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།