【ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྒང་ན་ཡོད།】རྟ་བོ་གྲོང་རྡལ་དུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་གཏོད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ལས་གཞི་ལ་རྟོག་ཞིབ་དང་། བརྟག་དཔྱད་ཞིབ་འཇུག ཚོང་འགུགས་གཉེར་སྐྱོང་། རྨང་གཞིའི་འཛུགས་སྐྲུན་བཅས་བྱས་པ་བརྒྱུད་རྟ་བོ་གྲོང་རྡལ་གྱི་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་དུས་ཐེངས་དང་པོའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་རེད།

རྨ་ཆེན་རྫོང་གིས་སྤྱི་པའི་འགྲིམ་འགྲུལ་འཛུགས་སྐྲུན་དང་གཉེར་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་སྤྱི་པའི་འགྲིམ་འགྲུལ་མ་ལག་ལ་རིགས་པས་ཁུངས་སྐྱེལ་ཏན་ཏིག་བྱས་ཏེ།ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་སྲིད་གཞུང་གིས་ཁ་གསབ་འོས་འཚམ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་ལྗང་མདོག་འགྲིམ་འགྲུལ་འཕེལ་རྒྱས་བཏང་སྟེ་གྲོང་མི་ཕྱིར་སྐྱོད་སྟབས་བདེ་བསྐྲུན་ཡོད་པ་རེད། ཁྱོན་མ་དངུལ་སྒོར་ཁྲི1500བཏང་ནས་ནུས་རྒྱུ་གསར་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར16ཐོག་མར་བཏང་ཞིང་ལམ་ཐིག1དང་ལམ་ཐིག2ཤར་གཏོང་བྱས་ནས། 2019ལོའི་ཟླ8ཚེས1ཉིན་རྟ་བོ་གྲོང་རྡལ་དུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།