ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་དྲུག་པས་སྐོར་ཐེངས30པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་རྒྱུ་ཆ36ཕྱིར་རང་ཞིང་ལ་སྤྲད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཟླ8པའི་ཚེས13ཉིན་གྱི་ཆུ་ཚོད16སྟེང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་སྐོར་ཐེངས30པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་རྒྱུ་ཆ36ཕྱིར་རང་ཞིང་ལ་སྤྲད་ཅིང་། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱི་གཏུག་ཡིག24དང་མཚོ་ཤར་གྲོང་ཁྱེར་གྱི7། མཚོ་ནུབ་ཁུལ་གྱི1། མཚོ་ལྷོ་ཁུལ་གྱི2།མཚོ་བྱང་ཁུལ་གྱི1། རྨ་ལྷོ་ཁུལ་གྱི1བཅས་འདུ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་གནད་དོན5གཙོར་བཟུང་ནས་དོ་སྣང་བྱས་ཡོད། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱི་གཏུག་ཡིག4དང་།མཚོ་ཤར་གྲོང་ཁྱེར་གྱི1ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།