ཞིང་ཆེན་མེ་ཟོན་སྤྱི་དཔུང་གིས་རི་ཆུའི་ཁུལ་གྱི་རོགས་སྐྱོབ་དང་ཆུ་ལོག་འགོག་པར་དངོས་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8པའི་ཚེས12ཉིན། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རི་ཁུལ་རོགས་སྐྱོབ་དང་འབྲུབ་འགོག་ཉེན་སེལ་གྱི་ཡར་སྐུལ་དངོས་སྦྱོང་བྱས་པ་རེད། ཧྲེན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པ་རེད།

ཉིན་ཤས་བསྟུད་མར་དྲག་ཆར་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་རྨ་ཆུ་རྒྱས་ཤིང་ཆུ་རགས་བརྟོལ་ཏེ་སྡོད་ཁང་བསྣུབས་པ་མ་ཟད་སྡོད་དམངས་ཆུ་དབྲག་ཏུ་བཀག་པ་སོགས་ཀྱི་ཉེན་ཁ་དངོས་སྦྱོང་གི་རྒྱབ་ལྗོངས་སུ་བྱས་པ་རེད། གནོད་འཚེའི་གནས་ཚུལ་གྱི་སྙན་ཞུ་འབྱོར་རྗེས་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་ཆུ་ཁོངས་རོགས་སྐྱོབ་དཔུང་ཁག་མང་པོ་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བཏང་བ་རེད། ནང་སྦྱོང་ནང་དངོས་དམག་དང་དངོས་འཇུག་ལུས་སྦྱོང་མངོན་གསལ་དོད་པོ་ཡོད་པ་དང་། རི་ཁུལ་གྱི་ཆུ་ཁོངས་རོགས་སྐྱོབ་བྱ་ཡུལ་གྱི་གནོད་འཚེའི་གནས་ཚུལ་སྣ་ཚོགས་ལ་ལད་མོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ཚན་པ་བཀོད་སྒྲིག་བྱས་ཤིང་། གྲུ་གཟིངས་ཀྱི་རྙོག་འཛིང་ཆེ་བའི་ཆུ་ཁོངས་ཀྱི་རུ་སྟར་སྒྲིག་པ། མི་མེད་གནམ་གྲུ་གནས་གཏན་འཁེལ་ངང་རོགས་སྐྱོབ་བྱེད་པ། ཆུ་ཐོག་འཕྲུལ་མིའི་ཆུ་ངོས་སུ་རོགས་སྐྱོབ་བྱེད་པ། འགྱིག་བཟོས་གྲུ་གཟིངས་མཚོ་འགྲམ་དུ་འབྱོར་ནས་རོགས་སྐྱོབ་བྱེད་པ། Oརིགས་རོགས་སྐྱོབ་ལག་རྩལ། ཐག་འཐེན་རོགས་སྐྱོབ་བྱེད་པ་སོགས་ཀྱི་རིག་ཚན་མང་པོ་ཚུད་ཡོད་པ་རེད།

དངོས་སྦྱོང་མཇུག་འགྲིལ་རྗེས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཆེད་ལས་རོགས་སྐྱོབ་དཔུང་ཁག9ཡི་མེ་ཟོན་རོགས་སྐྱོབ་རུ་མི130ལྷག་ཙམ་གྱིས་ཉིན4ཡི་རི་ཁུལ་གྱི་རོགས་སྐྱོབ་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།