མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་བསུ་བའི་ཚོགས་ཆེན་ཟི་ལིང་དུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ཆར། མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་བསུ་བའི་ཚོགས་ཆེན་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁག་གསུམ་པ་དང་བཞི་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་པ་བརྗེ་རེས་དང་འགྲོ་ལུགས་སྦྲེལ་མཐུད་ཀྱི་ཚོགས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཁག་བཞི་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཟི་ལིང་དུ་བྱ་བ་གཉེར་བའི་ལས་བྱེད་པ8ལ་དགའ་བསུ་དང་འགྲོ་ལུགས་སྦྲེལ་མཐུད་བྱས་པ་མ་ཟད། དུས་མཚམས་གསར་པའི་ཁ་གཏད་རོགས་སྐྱོར་བྱ་བར་བླང་བྱ་བཏོན་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཅན་གྱིས་གསུང་བཤད་གནང་བ་དང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞིན་པ་མ་ཅན་གྱིས་གཏམ་བཤད་པ་དང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན། ཧྲི་ཀྲང་གཞོན་པ་ཝང་ཅན་ཧྥུང་གིས་གྲོང་ཁྱེར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ཧའེ་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཁ་གཏད་མཚོ་སྔོན་རོགས་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་དམིགས་བསལ་ཐུགས་ཁུར་གནང་བར་གང་ལེགས་མཚོན་པ་དང་། རྒྱ་ཆེའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས། ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་བཟང་པོར་བརྟེན་ནས་ཞིང་ཆེན་ཡོངས་དང་ལྷག་པར་དུ་ཟི་ལིང་གི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཚོགས་འདུའི་ཐོག་མཚོ་སྔོན་དུ་རོགས་སྐྱོར་བྱེད་པར་ཟི་ལིང་དུ་ཡོང་བའི་ལས་བྱེད་པ་ཁག་གསར་པས་རང་ངོས་མཐོར་གཏོང་གི་རྩ་ཆེའི་གོ་སྐབས་དེ་ཁོང་དུ་ཆུད་པ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དམ་འཛིན་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱེད་པ། གནད་དོན་ལ་བསམ་བློ་གཏོང་བ། དུས་ཚོད་ཆུད་ཟོས་སུ་མི་གཏོང་བ། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ། གནོད་མེད་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་དང་དུས་རབས་གསར་པར་བདེ་སྐྱིད་ལྡན་པའི་ཟི་ལིང་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཐོག་ཕུགས་འདུན་ཐོབ་པ་དང་རིན་ཐང་མངོན་འགྱུར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཟི་ལིང་ནི་ཁེ་ཕན་མྱོང་མཁན་ཡིན་པའི་ངོས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་སྔར་ལྟར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་མཐུན་སྦྱོར་ཡག་པོ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས་ཤིང་། རོགས་སྐྱོར་ཐོབ་པའི་ཚན་པ་ཁག་གིས་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་མཐོ་བའི་ལས་བྱེད་པ་ཟི་ལིང་དུ་བྱ་བ་གཉེར་བའི་ཐོབ་པར་དཀའ་བའི་གོ་སྐབས་དང་བསྟུན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱ་པའི་ལས་བྱེད་པར་བྱ་བ་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་འོས་འཚམ་བྱས་ཏེ། གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་བྱ་བའི་གཙོ་གཉེར་སྡེ་ཚན་ཡིན་པའི་ཆ་ནས། ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཐབས་སྣ་ཚོགས་གཅིག་གྱུར་འཆར་འགོད་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཞབས་ཞུ་འགན་ལེན་དང“ཤེས་ལྡན་པ་ཉར་བའི”ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས“ཕ་ཡུལ་གཉིས་པར”བྱས་རྗེས་འཇོག་པ་དང་ངོ་མཚར་གཏོད་དུ་འཇུག་དགོས་ཟེར།

ཚོགས་འདུའི་ཐོག་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་ཀྲང་ཀོང་ཏུང་དང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་སྨི་སེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།