མཚོ་སྔོན་གྱིས་ཁྲིམས་འགལ་གྱི་མེ་མདའ2295གཅིག་བསྡུས་ཐོག་མེད་པར་བཟོས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཟི་ལིང་ཁྱད་ལྡན་ངར་ལྕགས་འགན་ལེན་ཚད་ཡོད་ཀུང་ཟིར“མེ་མདའ་རྩ་བརླགས། གནོད་འཚེ་གཙང་སེལ། རྟེན་འབྲེལ་མཛད་ཆེན་ལ་སྲུང་སྐྱོབ། དམངས་བདེ་སྲུང་སྐྱོབ”ཀྱི་ཁྲིམས་འགལ་མེ་མདའ་དང་འབར་གས་དངོས་རྫས་གཅིག་བསྡུས་ཐོག་མེད་པར་བཟོ་བ་བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཁྲོད་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས་པ། མང་ཚོགས་ཀྱིས་རང་འགུལ་སྒོས་ཡར་སྤྲད་པའི་མེ་མདའ་སྣ་ཚོགས2295དང་དོ་དམ་ཚད་གཞི་ལས་བརྒལ་བའི་གྲི་མཚོན་རིང་ཐུང་སྣ་ཚོགས11230གཅིག་བསྡུས་ཐོག་མེད་པར་བཟོས། མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་བཅོས་སྐྱོང་བྱེད་པའི་ཞིང་ཆེན་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་སྤྱིའི་ཚོགས་འདུ་འདུ་མཁན། ཧྲིན་ཀྲང་གཞོན་པ་དང་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་བྱ་འགུལ་ཁྲོད་ཞུགས་ཤིང་། བྱ་འགུལ་དངོས་སུ་འགོ་རྩོམ་པར་ཁྱབ་སྒྲོག་བྱས་པ་རེད།

ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུའི་ཏང་ཡོན། ཐིན་ཀྲང་གཞོན་པ་ཝང་ཆིང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དངོས་ནས་ཕྲག་ཏུ་འཁུར་བར་བྱེད་པ། མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ནག་ཉེས་ལ“བཟོད་སྒོམ་གཏན་མེད”བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་རྡུང་རྡེག་ཚ་ནན་དང་ཁྱོན་ཡོངས་ནས་ཉེན་ཁ་མེད་པར་བཟོ་བ། མེ་མདའ་དང་འབར་གས་དངོས་རྫས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ལོ་འཁོར70ལོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་སྤྱི་ཚོགས་བདེ་སྐྱོང་ཁོར་ཡུག་ཅུང་ལེགས་པོ་བསྐྲུན་དགོས་ཞེས་བསྟན་པ་རེད།

གྲི་མཚོན་རིང་ཐུང་སྣ་ཚོགས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།