【ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་རྟོག་སྤེལ་སྒང་ན་ཡོད་པ】

— སྟོང་སྐོར་རྫོང་གིས་མཁའ་དབུགས་ཀྱི་སྦགས་བཙོག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གྲོང་ཁྱེར་གྱི་མཁའ་དབུགས་ཀྱི་རྒྱུ་སྤུས་ལ་དངོས་ཐོག་བཅོས་སྒྱུར་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས་བཟོ་ལས་འཛུགས་སྐྲུན་དང་གཏེར་ཁ། རྡོ་ཟེགས། རྡོ་སོལ་གྱི་ཉོ་འཚོང་ཁྲོམ་ར། གད་སྙིགས་གསོག་འཇོག་ཡུལ་སོགས་ལས་རིགས་གལ་ཆེན་དག་གཙོ་བོར་བཟུང་སྟེ། ཧ་ཅང་གཟབ་ནན་སྒོས་མཁའ་དབུགས་ཀྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་འགུལ་སྐྱོད་བྱེད་སྒོ་སྤེལ་ནས། མཁའ་དབུགས་ཀྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལ་ཕན་འབྲས་མངོན་གསལ་བླངས་པ་རེད།

དེ་ཡང་སྦགས་བཙོག་ལ་བདག་དོམ་དང་ཚོད་འཛིན་ཐད་ཁོར་ཡུག་གི་ཁྲིམས་འཛིན་ནུས་ཤུགས་ཆེས་ཆེར་བཏང་ནས། ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་དང་དེ་མིན་དུད་སྨུག་ལ་ཚད་ངེས་ཅན་གྱི་སྒོ་ནས་བཅོས་སྐྱོང་བྱེད་པ་ལག་བསྟར་བྱས་ནས། སྦགས་གཙོག་ཚབས་ཧ་ཅང་ཆེ་བའི་ཁེ་ལས་ཆུང་བའི་རིགས་ཀྱི་སྒོ་གཏན་པ། ཁོར་ཡུག་སྒྲིག་ཆས་ཀྱི་འཁོར་སྐྱོད་རྒྱུན་ལྡན་མིན་པ་དང་ཁྲིམས་འགལ་བྱ་སྤྱོད་དག་རྩ་བ་ནས་མེད་པར་བཟོས། ལོ་འདི་དག་གི་རིང་ལ། བཟོ་ལས་ཁེ་ལས་གཙོ་བོ་དག་གིས་ཁྱོན་བསྡོམས་ཁོར་སྲུང་མ་དངུལ་སྒོར་ཁྲི1200ལྷག་བཏང་པ་དང་། བཟོ་གྲྭའི་ནང་ཁུལ་གྱི་མི་གཙང་བ་དང་ཟང་ཟིང་གི་སྣང་ཚུལ། རྒྱུན་ལྡན་མིན་པའི་གནས་ཚུལ་འོག་གི་རྩ་འཛུགས་མེད་པ་དང་དུས་ངེས་མེད་དུ་བཙོག་རླངས་ཕྱིར་འདོན་བྱེད་པ་དག་ལ་བཅོས་སྐྱོང་གང་ལེགས་བྱས་ནས། དུད་སྨུག་གི་བརྟན་འཇགས་རང་བཞིན་དེ་ཚད་ལྡན་ཅན་ལ་སླེབས་ཡོད།

རླངས་སྣུམ་གྱི་སྦགས་བཙོག་བཅོས་སྐྱོང་དང་ཨང་རྟགས་སེར་པོ་ཅན་གྱི་རླངས་འཁོར་གྱི་ཆེད་དོན་བཅོས་སྒྲིག་བྱ་བའི་ཁྲོད། རྫོང་ཡོངས་ཀྱིས་བེད་མེད་བཏང་པའི་རླངས་འཁོར824དང་གླ་གཏོང་རླངས་འཁོར251བེད་མེད་ཐོ་འགོད་བྱས་ཤིང་། ཡོད་ཚད་ལ”སྣུམ་ནས་དབུགས་སུ་བསྒྱུར་བའི”་བ་ལེགས་པོར་བསྒྲུབས། སྤྱི་སྤྱོད་རླངས་འཁོར54དབུགས་ལྡན་སྤྱི་སྤྱོད་རླངས་འཁོར་ལ་བསྒྱུར། སྣུམ་སྣོན་ས་ཚིགས18ཡོད་ཚད་ཀྱི་“སྣུམ་ནས་དབུགས་སུ་་བསྒྱུར་བའི”བྱ་བ་ཡོངས་འགྲུབ་བྱས་ཤིང་། རླངས་དབུགས་ཁྲོད་ཀྱི་དབྱང་གཉིས་ཐན་འགྱུར་དང་དབྱང་གཉིས་ཏན་འགྱུར་སོགས་སྦགས་བཙོག་གཙོ་བོ་ཕྱིར་གཏོང་བྱེད་པའི་ཚད་གཞི་དེ་ཇེ་དམའ་རུ་བཏང་འདུག

དེ་དང་ཆབས་ཅིག་རྡོ་སོལ་སྲེག་པའི་ཐབ་ཆེན་ལ་བཅོས་སྒྱུར་བྱེད་པའི་ནུས་ཤུགས་ཆེས་ཆེར་བཏང་པ་དང་རྡོ་སོལ་སྲེག་པའི་ཐབ་ཆེན་དེ་མེད་པར་བཟོས་ནས། མཁར་ཡོངས་སུ་རྡོ་སོལ་གཏན་འགོག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཡོད། ད་ལྟའི་བར་ཁྱོན་བསྡོམས་སྡོང་གནས་མི་འདྲ་བ158གྱི་རླངས་འགྱུར་ཏུན426ལ་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཡོངས་འགྲུབ་བྱས། འཚོ་བའི་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་བྱེད་པའི་སྤྱིའི་ཁ་གྲངས་དེ་ཇེ་དམའ་རུ་བཏང་ཞིང་། རྫོང་མཁར་གྱི་རྡོ་སོལ་བསྲེགས་པའི་ཐབ་ཆེན་དེ་རྩ་བ་ནས་མེད་པར་གཏོང་བ་དང་དགུན་དུས་སུ་རྡོ་སོལ་གྱི་དུ་བའི་སྦགས་བཙོག་ལ་རྩ་བའི་ཐད་ནས་བཅོས་སྐྱོང་གང་ལེགས་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།