【“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་སྒང་ན་ཡོད་པ། 】

— མང་ཚོགས་ཀྱིས་སེལ་དཀའ་བའི་གནད་དོན་ལ་སེམས་པ་སྦྲེལ་ནས་གསར་གཏོད་བྱེད་ཐབས་ཀྱིས་དོན་དངོས་ལེགས་པོར་སྒྲུབ་པ་དང་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་བཟུང་པའི་མི་གྲངས་འབུམ1དང་ཁྲི8ལྷག་གི་ཞབས་ཞུའི་བདག་དོམ་དེ་སྲིད་གཞུང་གི་བརྡ་འཕྲིན་གཞི་གྲངས་སྟེགས་བུ་ཆེན་མོའི་ནང་མཉམ་བསྲེས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མི་སྣའི་ཆེད་སྤྱོད་སྤྱི་ཚོགས་འགན་བཅོལ་བྱང་བུ་དེ་མར་བཀྲམ་ནས་བེད་སྤྱོད་བྱེད་འགོ་བརྩམས་པ་དང་། དབང་པོ་སྐྱོན་ཅན་གྱི་དཔང་ཡིག་བཟུང་པའི་མི་གྲངས་འབུམ1དང་ཁྲི8གྱི་ཞབས་ཞུའི་བདག་དོམ་དེ་སྲིད་གཞུང་གི་བརྡ་འཕྲིན་གཞི་གྲངས་སྟེགས་བུ་ཆེན་མོའི་ནང་མཉམ་བསྲེས་བྱས་ཤིང་། དབང་པོ་སྐྱོན་ཅན་མི་སྣའི་དམིགས་གསལ་ལོངས་སྤྱོད་ཀྱི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དང་དབང་པོ་སྐྱོན་ཅན་གྱི་ཕན་བདེ་སྲིད་ཇུས་དེ་མཉམ་བསྲེས་ཅན་དང་ཤེས་ནུས་ཅན། བརྡ་འཕྲིན་ཅན་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་བྱུང་བའི་ལེའུ་གསར་བ་ཞིག་ཏུ་གྱུར་ཡོད།

དེ་ཡང“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་གྱིས་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་གནད་དོན་ལ་བརྟེན་ནས་གནད་དོན་བཙལ་ཏེ། རྫོང་མི་འདྲ་བ14ཡི་དུད་ཁྱིམ་མི་འདྲ་བ30ལྷག་གི་དབང་པོ་སྐྱོན་ཅན་མི་སྣ་དག་ལ་བརྟག་དཔྱད་ཞིབ་འཇུག་བྱ་བ་ལེགས་པོར་སྒྲུབ་པ་དང་དབང་པོ་སྐྱོན་ཅན་མང་ཚོགས་ཕན་ཚུན་ངོ་འཕྲད་དེ་རྒྱུན་ལྡན་གྱི་འབྲེལ་འདྲིས་དང་དགོས་མཁོའི་གནད་དོན་འདྲི་གཅོད། ཇུས་གཞི་ལེགས་པོ་འདོན་སྤེལ། ཕན་ཚུན་གྱི་སེམས་གཏམ་ལ་ཉན་པ། ནན་ཏན་སྒོས་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་ཞབས་ཞུ་སྒྲུབ་པ་དང་དཀའ་ངལ་སེལ་བ། དོན་དངོས་སྒྲུབ་པ་སོགས་ཀྱི་ཐད་གནད་དོན་འབུར་ཐོན་སྒྲུབ། གནད་དོན་གྱི་རྩིས་ཐོ་གཙང་བཤེར་དང་བཅོས་སྒྱུར་ཡོ་བསྲང་བྱ་བ་གཏན་འབེབས་བཅས་ཀྱིས་མྱུར་དུ་ཤེས་པ་མྱུར་དུ་བཅོས་སྒྱུར་དང་སྐབས་བསྟུན་ཡོ་བསྲང་བྱེད་པ། དོན་དངོས་བཅོས་སྒྱུར་བྱེད་པ་བཅས་བྱས། རྩད་གཅོད་རྟོག་ཞིབ་ཁྲོད་ཞིང་ཆེན་དབང་པོ་སྐྱོན་ཅན་གྱིས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་བདག་དོམ་བརྡ་འཕྲིན་གྱི་མི་འདང་བའི་ཆ་དང་དབང་པོ་སྐྱོན་ཅན་གྱིས་ལོངས་སུ་སྤྱོད་པའི་སྲིད་གཞུང་གི་རིམ་པ་མི་འདྲ་བའི་དམིགས་གསལ་སྲིད་ཇུས་ཀྱི་ཆད་ལྷག་དག་ལ་བདག་དོམ་ནུས་ལྡན་དང་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཏེ། ཆ་འཕྲིན་དྲ་རྒྱ+དབང་པོ་སྐྱོན་ཅན་མི་སྣའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་གནད་དོན། ལས་དོན་འཕེལ་རྒྱས་བྱ་བའི་དོན་དངོས་ལ་ཟུང་འབྲེལ་བྱེད་པ། ཞིང་ཆེན་དབང་པོ་སྐྱོན་ཅན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་གྲོས་མཐུན་འབྲེལ་འདྲིས་བཅས་བརྒྱུད་དེ། དབང་པོ་སྐྱོན་ཅན་མི་སྣའི་ཆེད་སྤྱོད་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་འགྲེམས་སྤེལ་བེད་སྤྱོད་བྱས་ནས། དབང་པོ་སྐྱོན་ཅན་མི་སྣ་འབུམ1དང་ཁྲི8གྱི་ཞབས་ཞུའི་བདག་དོམ་དེ་སྲིད་གཞུང་གི་བརྡ་འཕྲིན་གཞི་གྲངས་བྱ་བའི་སྟེགས་བུའི་ཁྲོད་མཉམ་བསྲེས་སྒོས། སྔར་ལས་ལྷག་པའི་སྒོ་ནས་དབང་པོ་སྐྱོན་ཅན་མི་སྣའི་བྱ་གཞག་དེ་ཞིབ་ཚགས་ཅན་དང་གནད་འཁེལ་ཅན་གྱི་ཁ་ཕྱོགས་ལ་འཕེལ་རྒྱས་སུ་བཏང་ཡོད།

ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་གྱིས་དོན་དངོས་ནས་འགོ་བརྩམས་སྟེ་བརྡ་འཕྲིན་ཅན་གྱི་བྱེད་ཐབས་གསར་གཏོད་སྒོས་སྤྱི་ཚོགས་འགན་སྲུང་བྱང་བུ་འགྲེམ་སྤེལ་བེད་སྤྱོད་ཀྱི་སྐབས་བསྟུན་ལེགས་ཆ་ལ་རོགས་འདེགས་སྒོས། དབང་པོ་སྐྱོན་ཅན་གྱི་དཔང་ཡིག་དེའི་བྱེད་ནུས་སྤྱི་ཚོགས་འགན་སྲུང་བྱང་བུའི་ཁྲོད་ཕབ་ལེན་སྒོས། དབང་པོ་སྐྱོན་ཅན་མི་སྣའི་བྱ་བའི་ལས་དོན་གྱི་ཁྱབ་ཁོངས་རྒྱ་སྐྱེད་དང་དབང་པོ་སྐྱོན་ཅན་གྱི་བྱང་བུ་དེར་མི་དོན་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས། དངུལ་རྩ་སོགས་ཀྱི་གཞི་རྩའི་བེད་སྤྱོད་བྱེད་ནུས་ལྡན་ངེས། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་ལ་རོགས་སྒྲུབ་བྱེད་པའི་དམིགས་གསལ་སྲིད་ཇུས་དང་དབང་པོ་སྐྱོན་ཅན་མི་སྣའི་རིགས་མི་འདྲ་བའི་ཁ་གསབ་སོགས་ཀྱི་ཞབས་ཞུ་ལེན་ཐུབ། དབང་པོ་སྐྱོན་ཅན་མི་སྣའི་གསང་བ་ལ་སྲུང་སྐྱོབ་དང་དབང་པོ་སྐྱོན་ཅན་མི་སྣའི་ཞབས་ཞུ་མཐོར་འདེགས། བདག་དོམ་དང་བརྡ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སྒོས་དབང་པོ་སྐྱོན་ཅན་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་བྱས་ཡོད། དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་སྟབས་བདེའི་ཞབས་ཞུའི་ནུས་ཆོད་ལ་སྲ་མཁྲེགས་ཀྱི་རྨང་གཞི་བརྟན་པོ་བཏང་ནས། “བྱང་བུ་ལག་ཏུ་ཡོད་ན་དོན་དག་ཀུན་ལ་སེམས་ཁྲལ་མེད་པའི”དོན་དངོས་དེ་མངོན་འགྱུར་བྱུང་དུ་བཅུག

ཐེངས་རྗེས་མར་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་གྱིས་ཧུར་ཐག་སྒོས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་འཛུགས་སྐྲུན་དངུལ་ཁང་སོགས་སྡེ་ཁག་དག་ལ་གྲོས་མཐུན་བྱས་པ་བརྒྱུད་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་ཡིད་མུག་པའི་དོན་དག་དང་དཀའ་ཁག་ཆེ་བའི་དོན་དག སེམས་མི་སྐྱིད་པའི་དོན་དག་སོགས་དམ་འཛིན་བྱས་ཏེ། གཅིག་བསྡུས་སྒོས་ཁྱིམ་ཚང་ལ་དངོས་སུ་སོང་སྟེ་ཞུབས་ཞུ་སྒྲུབ་པ་སོགས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་བྱེད་ཐབས་ལ་བརྟེན་ནས། དབང་པོ་སྐྱོན་ཅན་གྱི་མཚོན་རྟགས་ཡོད་པའི་ཆེད་སྤྱོད་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་ཚད་རིན་མེད་སྒོས་དབང་པོ་སྐྱོན་ཅན་མི་སྣ་རེ་རེ་ཡི་ལག་ལ་བཀྲམ་རྒྱུ་ཡིན་པ་རེད། དེར་མ་ཟད་སྤྱི་ཚོགས་འགན་སྲུང་བྱང་བུ་དང་དབང་པོ་སྐྱོན་ཅན་གྱི་དཔང་མིའི་བརྡ་འཕྲིན་ཕན་ཚུན་གཅིག་ལ་གཅིག་སྦྲེལ་སྒོས་དངོས་ཡོད་མཉམ་སྤྱོད་སྒྲིག་གཞི་ལག་བསྟར་བྱས་ནས། དབང་པོ་སྐྱོན་ཅན་གྱི་བྱང་བུ་ཅན་གྱི་མི་དག་གིས་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ལོངས་སྤྱོད་ཐུབ་ངེས། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་གྱི་ལས་དོན་དེ་སྟབས་བདེ་དང་མགྱོགས་མྱུར་གྱི་བྱེད་ཐབས་ལ་བརྟེན་ནས་དོན་དངོས་ལག་བསྟར་དངོས་འབེབས་སྒོས་མང་ཚོགས་ཀྱི་འགྲོ་འདུག་ཉུང་བ་དང་གཞི་གྲངས་ངོས་ཀྱི་གྲངས་ཀ་འགྲོ་འདུག་མོད་པོ་ཅན་གྱི་ཞབས་ཞུའི་འདུ་ཤེས་དེ་མངོན་འགྱུར་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།