【ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་རྟོག་སྤེལ་སྒང་ན་ཡོད་པ】

— རྟ་ཐང་རྫོང་གི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་ལེགས་བཅོས་དངོས་འབེབས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉིན་འདི་དག་གི་རིང་ལ་རྟ་ཐང་རྫོང་གིས་མགྱོགས་མྱུར་སྒོས་ལྟ་སྐུལ་བཅོས་སྒྱུར་དང་འགན་འཁྲིའི་འདུ་ཤེས་ལ་ཤུགས་བསྣན་ཞིང་། བྱ་བའི་བྱེད་ནུས་ལེགས་སྒྱུར་བཅས་ཀྱིས་ཧུར་ཐག་སྒོས་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་ལ་བཅོས་སྒྱུར་ཡོ་བསྲང་དང་དངོས་འབེབས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས།

དེ་ཡང་ཐོག་མའི་དུས་ཚོད་ཀྱི་ནང་མྱུར་དུ་གནད་དོན་རྩད་གཅོད་དང་གནད་དོན་བཅོས་སྒྱུར་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཤིང་། མྱུར་དུ་ཐག་གཅོད་བྱེད་དཀའ་བའི་གནད་དོན་ལ་དེ་འབྲེལ་གྱི་བཅོས་སྒྱུར་ཡོ་བསྲང་བྱེད་པའི་བྱེད་ཐབས་གཏན་འབེབས་བྱས། དམིགས་འབེན་དང་བྱེད་ཐབས། ཚད་བཀག་བཅས་གསལ་བོར་བྱས་ཏེ། གནད་དོན་དངོས་ལ་ཞིབ་བཤེར་དང་འགྲོ་ལུགས་ཡང་དག་སྒྲུབ་པ། དུས་ལྟར་ཆེད་དོན་བཅོས་སྒྱུར་ཡོ་བསྲང་གི་སྙན་ཞུ་ཡོངས་འགྲུབ་སྒོས་རིམ་བཞིན་ཞིབ་བཤེར་འཐུས་ཚང་དུ་བཏང་པ་དང་དུས་བཅད་ལྟར་རེ་འདུན་བླང་བྱ་གོང་རིམ་ལ་སྙན་གསེང་ཞུས་པ་རེད།

མཇུག་མཐར་ལྟ་སྐུལ་ཞིབ་བཤེར་དེ་བཅོས་སྒྱུར་ཡོ་བསྲང་ལ་སྐུལ་འདེད་བྱེད་པའི་བྱ་བ་དངོས་འབེབས་ཀྱི་དངོས་ཡོད་གལ་ཆེན་དུ་དམ་འཛིན་བྱས་ཤིང་། གྱོད་དོན་ཅི་རིགས་སྒྲུབ་པའི་བརྒྱུད་རིམ་ཁྲོད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དག་ཡུལ་དངོས་སུ་སོང་སྟེ་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས་ཤིང་། རྫོང་རིམ་པའི་འགོ་ཁྲིད་དག་ལ་ལས་བགོས་བྱས་ཏེ་ཡུལ་དངོས་ཞིབ་བཤེར་གྱི་བཅོས་སྒྱུར་ཡོ་བསྲང་དངོས་འབེབས་བྱས་པ་མ་ཟད། འབྲེལ་ཡོད་རྩིས་ཐོ་བཟོས་ནས་གྲོན་ཆུང་གི་ཚད་གཞི་ཞིབ་ཚགས་ཅན་ཏུ་བཏང་ནས། གནད་དོན་ཐག་གཅོད་དང་བཅོས་སྒྱུར་བྱ་བའི་གནད་དོན་ལ་འགན་སྲུང་ཁག་ཐེག་བྱས།

གསར་རྙེད་བྱུང་བའི་གནད་དོན་དང་མི་འདང་བ་ལ་ཁ་གཏད་དེ་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འབྲེལ་ཡོད་སྡེ་ཁག་དག་གིས་དངོས་ཡོད་ལག་བསྟར་བྱས་པའི་བདག་དོམ་ལས་རིགས་དེ་ངེས་པར་དུ་ཁོར་སྲུང་ཁྲོད་བཞག་ནས་བདག་དོམ་བྱེད་པ་དང་ལས་དོན་བདག་དོམ་ཐད་ཀྱང་ངེས་པར་དུ་ཁོར་སྲུང་ལ་བདག་དོམ་བྱེད་པ། ཐོན་སྐྱེད་ཚོང་གཉེར་ལ་བདག་དོམ་སྐབས་སུ་ཡང་ཁོར་སྲུང་བདག་དོམ་བྱེད་པ་བཅས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། ནན་ཏིག་གིས་བཅོས་སྒྱུར་དག་ཐེར་བྱ་བ་ལེགས་པོར་སྤེལ་ནས། ནུས་ཤུགས་གང་ཡོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བར་སྐུལ་འདེད་ཀྱིས་བཅོས་སྒྱུར་ཡོ་བསྲང་ནུས་ལྡན་ལ་ཁག་ཐེག་སྒོས་དེའི་རིགས་ཀྱི་གནད་དོན་ཡང་བསྐྱར་མི་འབྱུང་བར་སྔོན་འགོག་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།