ཏུའུ་ཅེ་ཡིས་མདའ་བཞི་རྫོང་གི་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང”ཞེས་པའི་བརྗོད་དོན་སློབ་གསོའི་རྟོག་ཞིབ་བྱ་བའི་བཀོད་སྒྲིག་གཞིར་བཟུང་། ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་འབྲེལ་གཏུག་བྱེད་གནས་ཧེ་ཡན་རྫོང་གི་ལས་དོན་དངོས་ལ་བློ་དཀར་ཞིང་ཕན་འབྲས་ལེན་ཐུབ་པའི་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་བཙུགས་ཏེ། རྒྱ་ཆེ་བའི་ལས་བྱེད་པ་རྣམས་ལ་དུས་རབས་གསར་པའི་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་སློང་བྱེད་དགོས་ཞེས་པ་དཀྱིལ་སྙིང་དུ་བཟུང་ནས་རྟོག་ཞིབ་བྱས།

རྟོག་ཞིབ་རིང་། ཏུའུ་ཅེ་འཁོར་དང་བཅས་པ་གསེར་ཐང་ཡུལ་ཚོ་སྟོང་མདའ་སྡེ་བ་དང་ནུབ་མཚོ་གྲོང་རྡལ་མཁར་བྱང་སྡེ་ཁུལ། མདའ་བཞི་རྫོང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་སོགས་སུ་ཕྱིན་ནས། ཡུལ་དངོས་ནས་རྒྱུས་ལོན་དང་རྟོབ་ཞིབ་ནན་མོ་བྱས་ཤིང་། བཞུགས་མོལ་གྲོས་ཚོགས་བསྡུས།

ཏུའུ་ཅེ་ཡིས་བསྟན་དོན། མདའ་བཞི་རྫོང་ཏང་ཨུས་ནན་ཏན་སྒོས་ཀྲུང་དབྱང་གི་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེ་བའི་ལས་བྱེད་པ་རྣམས་ལ་དུས་རབས་གསར་པའི་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་སློང་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་མཛུབ་སྟོན་བསམ་འཆར་དངོས་འབེབས་དོན་འཁྱོལ་བྱས་ནས། བྱེད་ཐབས་གསར་གཏོད་དང་དངོས་འབེབས་དམ་འཛིན་བྱས་ཏེ། ལས་དོན་དངོས་ལ་བློ་དཀར་ཞིང་ཕན་འབྲས་ལེན་ཐུབ་པའི་མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་བརྟན་པོ་བཙུགས་ནས། རྒྱ་ཆེའི་ལས་བྱེད་པ་རྣམས་ལ་དུས་རབས་གསར་པའི་འགན་འཁྲི་གསར་པ་འཁུར་པ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་སློང་བྱེད་པའི་ཐད་ཕན་འབྲས་ངེས་ཅན་བླངས་མཐར། དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཟེར།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་མི་སྤྱོད་ལ་ཁྲིད་སྟོན་གསལ་པོ་འཛུགས་པ་དང་། ལས་བྱེད་པའི་ཚད་གཞི་མཐའ་འཁྱོངས་བྱེད་པ། དད་སེམས་དང་། ཆབ་སྲིད། འགན་འཁྲི། འཇོན་ཐང་། སྤྱོད་ཚུལ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་གཏམ་སྤྱོད་གཅིག་མཐུན་གྱི་ལས་བྱེད་པ་གདམ་གསེས་བྱེད་པ་བཅས་བྱེད་དགོས། གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏང་དགོས། གསུམ་ནས་འགན་འཁུར་ཕོད་པའི་རྣམ་པ་བཟང་པོ་གཏོད་པ་དང་། སྲིད་ཇུས་ཀྱི་དབྱེ་མཚམས་ཁོང་དུ་ཡང་དག་ཆུད་པ། ནོར་བཅོས་ཡོ་བསྲང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། “དབྱེ་འབྱེད་གསུམ”དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། བཞི་ནས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུ་གུ”ཡི་ནུས་པ་གང་ལེགས་པོར་བེད་སྤྱད་དེ་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏང་བ་དང་དཔྱད་ཞིབ་བྱེད་སྟངས་དང་བྱ་ཐབས་ཇེ་ལེགས་སུ་གཏང་དགོས། ལྔ་ནས་ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་བརྩེ་སེམས་ཟབ་མོ་བཅངས་ནས་གཞུང་ཞབས་པའི་གོ་གནས་དང་གོ་གནས་རིམ་པའི་ལམ་ལུགས་ལ་སྐུལ་འདེད་ཧུར་ཐག་གཏང་བ་དང་། གུང་གསེང་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། ལས་བྱེད་པའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་བ་བཅས་བྱེད་དགོས་པ་རེད། 

ལོ་ཙཱ་བ། ཀླུ་མོ།