ལུང་མདོ་ཆུས་ཀྱི་ལོ་སྟོད་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3.9ལ་བསླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོའི་ཚུན་དུ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱིས་རྒྱལ་ཡོངས་ཁམས་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་རྫོང་བསྐྲུན་པའི་གོ་སྐབས་ལ་བརྟེན་ནས། རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་། ཡུལ་སྐོར་སྣེ་ལེན་དང་འཛད་སྤྱོད་ནུས་པ་རྒྱུན་མི་ཆད་པར་མཐོ་རུ་བཏང་། ད་སྔའི་བར་དུ། ཆུས་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི117.9སྣེ་ལེན་བྱས་ཤིང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི64.3གྱིས་འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3.98ལོན་པ་དང་། དུས་མཉམ་ལས་བརྒྱ་ཆའི83.5ཡིས་འཕར་ཡོད།

ལུང་མདོ་ཆུས་ཀྱིས་ཙོང་ཆུའི་འགྲམ་རྒྱུད་ཀྱི་དམངས་སྲོལ་རིག་གནས་ཉམས་ལེན་ཡུལ་སྐོར་དང་ལྷོ་རྒྱུད་རི་ཁུལ་གྱི་དམངས་སྲོལ་རིག་གནས། བྱང་རྒྱུད་ས་ཁུལ་གྱི་ཁམས་གསེང་ཞིང་སྡེའི་ཡུལ་སྐོར། ལྷོ་བྱང་རིའི་རྟ་ཐང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་སོགས་དར་རྒྱས་སུ་ཕྱིན་ཅིང་། གྲོ་ཚང་དགོན་སོགས་ཀྱི་ལས་གཞིའི་རྒྱས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་ནས།ཡུལ་སྐོར་གྱི་གཞི་རྩའི་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པས། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་117.9ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར3.98ཟིན་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།